ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་དབྱི་རག་གིས་མཐའ་མཚམས་ས་ཁུལ་དུ་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་ཉེར་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཐུར་ཁེ་དང་དབྱི་རག་གིས་ཟླ་འདིའི་ཚེས་ཉེར་དྲུག་ཉིན་ནས་བཟུང་ཐུར་ཁེ་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་སྤེལ་རྒྱུ་ཡིན་ཟེར།

ཐུར་ཁེའི་དམག་ཕྱོགས་ཀྱིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་སྤེལ་ས་ནི་ཐུར་ཁེའི་ཤར་ལྷོའི་ཕྱོགས་ཀྱི་ཧྲི་ཨར་ནཱ་ཁི་ཞིང་ཆེན་གྱི་ཞེ་ལོ་ཕིས་ས་ཁུལ་ཡིན་པ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དབྱི་རག་གི་དམག་མི་དག་ཚེས་ཉེར་ལྔ་ཉིན་ཐུར་ཁེ་རུ་འབྱོར་ཡོད་ཟེར།

གླེང་ཕྱོགས་ཀྱིས་བལྟས་ན། དེ་ནི་ཚེས་ཉེར་ལྔ་ཉིན་སྤེལ་བའི་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པའི་བྱ་འགུལ་ལ་དམིགས་པ་ཡིན་ལ། ཐུར་ཁེ་དང་དབྱི་རག་ཀྲུང་དབྱང་སྲིད་གཞུང་གིས་སྤྱད་པའི་མཉམ་འབྲེལ་གྱི་ཐག་གཅོད་བྱེད་ཐབས་ཤིག་ཡིན་པར་འདོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།