ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་མཛོད་དུ་ཉར་བའི་རྫས་འགྱུར་མཚོན་ཆ་ཡོད་ཚད་མེད་པར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བདུན་ཉིན་བརྙན་རིས་བརྒྱུད་དེ་ཝུའུ་ཏི་མུའུ་ཨར་ཐི་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཟོ་གྲྭར་མཛོད་དུ་ཉར་བའི་ཆེས་མཇུག་མཐའི་རྫས་འགྱུར་མཚོན་ཆ་མེད་པར་གཏོང་དགོས་པའི་བཀའ་རྒྱ་བཏང་། དེ་ལས་ཨུ་རུ་སི་ཡིས་མཛོད་དུ་ཉར་བའི་རྫས་འགྱུར་མཚོན་ཆ་ཚང་མ་མེད་པར་བཏང་ཡོད།

ཕུའུ་ཅིན་གྱིས་ཉིན་དེར་རྫས་འགྱུར་མཚོན་ཆ་མེད་པར་གཏོང་བའི་བྱ་བ་མཇུག་སྒྲིལ་རྗེས་བཤད་རྒྱུར། སུའུ་ལེན་གྱི་དུས་སྐབས་ནས་བཟུང་། ཨུ་རུ་སི་ཡིས་རྫས་འགྱུར་མཚོན་ཆ་མང་བོ་མཛོད་དུ་ཉར་ཡོད། ཆེད་མཁས་པས་བཤད་ན་རྫས་འགྱུར་མཚོན་ཆ་དེ་དག་གིས་སའི་གོ་ལའི་སྐྱེ་དངོས་ཤུལ་མེད་དུ་འཇོམས་ཐུབ་པ་རེད། ད་ལྟ་ཨུ་རུ་སི་ཡིས་མཛོད་དུ་ཉར་བའི་རྫས་འགྱུར་མཚོན་ཆ་ཚང་མར་མེད་པར་བཏང་སྟེ། རྫས་འགྱུར་མཚོན་ཆ་གཏན་འགོག་བྱེད་པའི་སྤྱི་ཆིངས་ཁྲོད་ཀྱི་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་ཡོད། དེ་འཛམ་གླིང་ཧྲིལ་བོ་སྔར་ལས་བདེ་འཇགས་དང་དོ་མཉམ་པའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།