ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་གིས་རྒྱལ་ཁབ་ཁ་བྲལ་དུ་གཏོང་མི་སྲིད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་བདུན་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་གིས་རྒྱལ་ཁབ་ཁ་བྲལ་དུ་གཏོང་མི་སྲིད་ཟེར།

ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་གི་མགོ་ཁྲིད་པ་མུའུ་སི་ལེ་མུའུ་ཡིས་བཤད་རྒྱུར། སི་རི་ཡཱའི་ཁུའུ་ཨར་ཏིའི་མི་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁ་བྲལ་དུ་གཏོང་བར་ངོ་རྒོལ་བྱེད་བཞིན་ཡོད་ཅིང་། ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་གིས་སི་རི་ཡཱ་ཡིས་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ལག་བསྟར་བྱེད་པར་རེ་བ་བྱས་ཡོད་པར་མ་ཟད། དོན་དེའི་ཐད་ནས་སི་རི་ཡཱའི་སྲིད་གཞུང་བར་གྲོས་བསྡུར་བྱེད་འདོད་ཡོད་ཟེར།

བསྒྲགས་པ་ལྟར་ན། མུའུ་སི་ལེ་མུའུ་ཡིས་སི་རི་ཡཱའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ཨ་ལེ་མའུ་ཡིས་ཉེ་སྔོན་ཁུའུ་ཨར་ཏིའི་གནད་དོན་ཐད་ནས་སྤེལ་བའི་གཏམ་བཤད་ལ་ཡིད་འཐད་ཡིན་པའི་ཚུལ་བསྟན་པ་དང་། མུའུ་ཨ་ལེ་མུའུ་ཡི་རྣམ་འགྱུར་ལ་དོན་སྙིང་གལ་ཆེན་ལྡན་ཟེར།

མུའུ་ཨ་ལེ་མུའུ་ཡིས་ཚེས་ཉེར་ལྔ་ཉིན་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སི་རི་ཡཱའི་ཁུའུ་ཨར་ཏི་བས་སི་རི་ཡཱའི་མངའ་ཁོངས་སུ་རྣམ་པ་གང་རུང་གི་རང་སྐྱོང་མངོན་འགྱུར་བྱེད་པར་རེ་བཞིན་ཡོད་པ་དང་། དེར་འཇིགས་སྐུལ་རིང་ལུགས་ཀྱི་སྟོབས་ཤུགས་ཚར་གཅོད་བྱས་རྗེས་གྲོས་མོལ་བྱས་ཏེ་ཐག་གཅོད་བྱས་ཆོག་ཟེར། དེའི་ཞོར་དུ་ད་རུང་བསྟན་དོན། སི་རི་ཡཱ་ཡིས་དབྱི་རག་ཁུའུ་ཨར་ཏིའི་མི་རྣམས་ཀྱིས་རང་བཙན་བྱེད་པར་བརྡས་ཐག་གཅོད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་གིས་ན་ནིང་ཟླ་གསུམ་པར་ཕྱོགས་གཅིག་ནས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་རང་སྐྱོང་གི་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་འཛུགས་རྒྱུ་ཁྱབ་སྒྲོག་བྱས་པ་དང་། དེར་སི་རི་ཡཱའི་སྲིད་གཞུང་གིས་ངོ་རྒོལ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།