ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་རྒྱལ་ས་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

50f8857355801d9dc1f4cd7b2aa0d155.jpg

ཟླ10བའི་ཚེས2ཉིན། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་ཉེན་རྟོག་ཅུའུ་ཞིག་ལས་འགས་གཏོར་འཇབ་རྒོལ་ཁྲོད་གཏོར་བརླག་ཐེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས2ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཉེན་རྟོག་ཅུའུ་ཞིག་ལ་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བྱིས་པ་འགའ་ཡོད་ཟེར།

བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་ཉེན་རྟོག་ཅུའུ་དེ་ཏཱ་མཱ་ཧྲི་ཀིའི་མུས་ཏན་ས་ཁུལ་དུ་ཡོད། འཇབ་རྒོལ་མཁན་འགའ་ཡིས་ཉེན་རྟོག་ཅུའུ་ཡི་ནང་དང་སྒོ་ཁ་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད། བརྙན་རིས་ལས་མངོན་པ་ལྟར་ན། ཉེན་རྟོག་ཅུའུ་ཡི་ཐོག་ཁང་གི་ཉིས་ཐོག་ལ་འགས་གཏོར་ཐེབས་ནས་རྩིག་ངོས་ནང་དུ་ནག་པོར་གྱུར་ཡོད། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ཡུལ་དངོས་གཙང་ཕྱགས་བྱེད་བཞིན་ཡོད།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད།

དེ་ནི་ཟླ་ངོ་གསུམ་གྱི་རིང་ཏཱ་མཱ་ཧྲི་ཀི་ནས་བྱུང་བའི་ཆེས་ཚབས་ཆེ་བའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་རེད།

རྩོམ་སྒྲིག་པ། : བསམ་ནོར།