ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་དང་ཐུར་ཁེའི་དམག་ཕྱོགས་ཀྱིས་དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་བྱེད་པར་ངོ་རྒོལ་བྱེད་པ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱི་ལིང་དང་ཐུར་ཁེའི་དམག་ཕྱོགས་ཀྱི་མཐོ་རིམ་དམག་དཔོན་གྱིས་ཚེས་གཉིས་ཉིན་ཏི་ཧེ་ལན་ནས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དང་བཅས་པའི་དམག་དོན་མཉམ་ལས་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཟེར།

ཐེངས་འདིའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུ་ནི་དབྱི་ལིང་གི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་པཱ་ཀའེ་ལི་དང་འཚམས་འདྲིར་ཡོང་བའི་ཐུར་ཁེའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པ་ཨ་ཁཱ་ཨར་གཉིས་ཀྱིས་མཉམ་དུ་སྤེལ་བ་རེད།

པཱ་ཀའེ་ལི་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དབྱི་རག་གི་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཀྱིས་བརྡས་ཐག་གཅོད་པར་ངོ་རྒོལ་བྱེད་པའི་ལངས་ཕྱོགས་གཅིག་མཚུངས་ཡིན་ཟེར། དེ་ནི་དང་ལེན་བྱེད་ཐབས་མེད་པ་ཞིག་ཡིན་པས་ངེས་པར་དུ་དབྱི་རག་མངའ་ཁོངས་ཆ་ཚང་ཡོང་བར་ཁག་ཐེག་བྱེད་དགོས་པར་འདོད། ཁོས་ད་རུང་བསྟན་དོན། དབྱི་ལིང་དང་ཐུར་ཁེའི་དྲག་ཆས་དམག་དཔུང་གིས་དམག་དོན་སྦྱོང་བརྡར་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། མཐའ་མཚམས་བདེ་འཇགས་ཀྱི་བརྡ་འཕྲིན་མཉམ་སྤྱོད་བྱེད་རྒྱུ་མ་ཟད། མཉམ་འབྲེལ་གྱི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བའི་འཆར་གཞི་ཡོད་ཟེར།

ཨ་ཁཱ་ཨར་གྱིས་བསྟན་དོན། ཐུར་ཁེ་དང་དབྱི་ལིང་གིས་མཉམ་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་སྟེ། མཐའ་མཚམས་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་མ་ཟད། དམག་དོན་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།