ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཐལ་སྤྱོད་དྲག་ཆས་པར་མེ་སྒྱོགས་བཀོལ་ནས་འཇབ་རྒོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་མཐའ་མཚམས་སྡོད་དམངས་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་བཤད་རྒྱུར། ཐུར་ཁེ་དང་སི་རི་ཡཱའི་ཐལ་སྤྱོད་དྲག་ཆས་པས་ཚེས་བརྒྱད་ཉིན་མཐའ་མཚམས་ས་ཁུལ་ནས་དུས་ཡུན་ཐུང་ངུའི་ནང་འཁྲུག་རྩོད་བྱས་པ་དང་། ཐུར་ཁེ་ཕྱོགས་ཀྱིས་མེ་སྒྱོགས་བཀོལ་ནས་སི་རི་ཡཱའི་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ལ་འཇབ་རྒོལ་བྱས། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་དེའི་རྗེས་སུ་དབྱེ་ཏི་ལེ་པུའུ་ཞིང་ཆེན་དུ་སོང་ཟེར་ཡང་། བཤད་ཚུལ་དེར་ཐུར་ཁེའི་ཕྱོགས་ཀྱིས་བདེན་དཔང་བྱས་མེད།

སྔ་ཉིན་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཁྱབ་སྒྲོག་བྱས་དོན། ཐུར་ཁེས་ཐུར་ཁེ་ལ་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་དང་མཉམ་འབྲེལ་བྱས་ཏེ། དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་དམག་དོན་འགུལ་སྐྱོད་སྤེལ་ནས། སི་རི་ཡཱའི་སྲིད་གཞུང་དམག་དཔུང་དང་ངོ་རྒོལ་ཕྱོགས་ཁག་གིས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་འགོད་པར་གཏོར་བརླག་གཏོང་བའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།