ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་དམག་དཔུང་གིས་ན་གཞོན་ཏང་ཞེས་པའི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་དམག་དཔུང་གིས་ཚེས་དགུའི་ཉིན་ཁུན་ནེ་ཡཱའི་ཤར་ཕྱོགས་དང་སོ་མཱ་ལིའི་མཐའ་མཚམས་ཀྱི་དམག་དོན་འགུལ་སྐྱོད་ཅིག་གི་ཁྲོད་ན་གཞོན་ཏང་ཞེས་པའི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་བསད་ཟེར།

ཁུན་ནེ་ཡཱའི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཨོ་པའོ་ནེ་ཨོ་ཡིས་གསལ་སྒྲོག་ནང་བསྟན་དོན། ཁུན་ནེ་ཡཱའི་དམག་དཔུང་གིས་ཉིན་དེར་ཤར་ཕྱོགས་ཀྱི་སོ་མཱ་ལི་དང་འབྲེལ་བའི་ལཱ་མུའུ་ས་ཁུལ་གྱི་པའོ་ནེ་ནགས་ཚལ་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། ན་གཞོན་ཏང་ཞེས་པའི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྔ་བསད་པ་དང་། མཚོན་ཆ་མང་བོ་གཞུང་བཞེས་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཁུན་ནེ་ཡཱའི་དམག་དཔུང་གིས་ས་ཁུལ་དེ་ན་གཞོན་ཏང་ཞེས་པའི་རྩ་འཛུགས་ཀྱི་འཇིགས་ཉེན་ལས་ཡོངས་སུ་ཐར་བའི་བར་མུ་མཐུད་དུ་ན་གཞོན་ཏང་ཞེས་པའི་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ན་གཞོན་ཏང་ཞེས་པའི་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དག་གིས་སོ་མཱ་ལི་ནས་ཁུན་ནེ་ཡཱའི་ལཱ་མུའུ་ས་ཁུལ་དུ་ཡོང་ནས། པའོ་ནེ་ནགས་ཚལ་དེ་ཁོངས་མི་བསྡུ་ལེན་དང་སྦྱོང་བརྡར་བྱེད་སའི་གནས་སུ་གྱུར་ཡོད་ཟེར།

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་བོ་བཟོ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།