ཀྲུང་གོ་བོད་ཀྱི་དྲ་བ།

ཧི་ལན་གྱི་ཏང་ཁག་བཞི་ཡིས་མཉམ་འབྲེལ་སྲིད་འཛིན་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གྲོས་ཁང་གི་འདེམ་བསྐོ་མཇུག་སྒྲིལ་ནས་ཉིན་ཉིས་བརྒྱ་དང་བརྒྱད་འགོར་རྗེས། ཧི་ལན་གྱི་སྲིད་ཏང་བཞིས་ཚེས་དགུའི་ཉིན་མཉམ་འབྲེལ་སྲིད་འཛིན་གྲོས་མཐུ་བཀོད་པ་ཁྱབ་སྒྲོག་བྱས།

ཉིན་དེར་གྲོས་མཐུན་བཀོད་པར་ཁྱབ་སྒྲོག་བྱས་པའི་ཏང་ཁག་བཞིའི་ནང་ད་ལྟའི་དབུ་བཞུགས་བློན་ཆེན་ལོས་ཐི་ཡིས་མགོ་ཁྲིད་པའི་སྲོལ་རྒྱུན་གྱི་གཡས་ཕྱོགས་རང་དབང་དམངས་གཙོ་ཏང་དང་། སྲོལ་རྒྱུན་གྱི་རིན་ཐང་ལྟ་བ་དང་ཀུན་སྤྱོད་ལྟ་བར་སྲུང་སྐྱོབ་བྱེད་པའི་འདོད་བློ་བཏོན་པའི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ། ཤེས་ལྡན་མི་སྣ་དང་འབྱོར་འབྲིང་གྲལ་རིམ་ལ་ཁ་ཕྱོགས་པའི་དྲུག་དྲུག་དམངས་གཙོ་ཏང་། དེ་མིན་ཉིས་སྟོང་ལོར་བཙུགས་པའི་ཡེ་ཤུའི་ཆོས་ལུགས་མནའ་འབྲེལ་བཅས་འདུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།