ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱིས་མཚོ་ནག་ས་ཁུལ་གྱི་དམག་དོན་རྟེན་གཞིའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་དགུའི་ཉིན་པུའུ་ཅཱ་ལེ་སི་ཐི་ནས་བསྡུས་པའི་བྱང་ཆིངས་རྩ་འཛུགས་ཀྱི་གྲོས་ཁང་གི་ཚོགས་ཆེན་སྟེང་གཏམ་བཤད་སྤེལ་ཏེ། བྱང་ཆིངས་རྩ་འཛུས་ཀྱི་མཚོ་ནག་ས་ཁུལ་དུ་ཡོད་པའི་དམག་དོན་རྟེན་གཞིའི་གལ་ཆེན་རང་བཞིན་ནན་བཤད་བྱས།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཤར་ངོས་ཀྱི་དམག་དོན་བཀོད་སྒྲིག་རྒྱ་བསྐྱེད་པའི་དམིགས་ཡུལ་ནི་བདེ་འཇགས་ཀྱི་འགྲན་རྩོད་གསར་བར་འཚམ་པར་བྱེད་པ་དང་། འཇིགས་ཉེན་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན། བྱང་ཆིངས་རྩ་འཛུགས་ཀྱིས་ཨེ་སོ་ནི་ཡཱ་དང་ལི་ཐའོ་ཝན། ལཱ་ཐའོ་ཝེ་ཡཱ། ཕོ་ལན་བཅས་ཀྱི་དམག་དཔུང་གིས་འཐབ་འཁྲུག་ལ་གྲ་སྒྲིག་བྱེད་པའི་རྣམ་པར་གནས་ཡོད་ཟེར།

ཁོས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ཨུ་རུ་སི་ཁེར་རྐྱང་དུ་ཕུད་འདོད་མེད་ལ། འཁྲུག་རྩོད་གསར་དུ་འབྱུང་བར་དེ་བས་ཀྱང་རེ་བ་བྱས་མེད། བྱང་ཆིངས་རྩ་འཛུགས་ཀྱི་འགུལ་སྐྱོད་ནི་འགོག་སྲུང་ཁོ་ནའི་ཆེད་དུ་ཡིན་པ་ལས་འཁྲུག་རྩོད་སློང་བའི་ཆེད་དུ་མིན་ཟེར།

རོ་མཱ་ནི་ཡཱའི་ཙུང་ཐུང་ཡོ་ཧན་ནེ་སི་ཡིས་ཀྱང་ཉིན་དེར་ཚོགས་ཆེན་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱིས་ངེས་པར་དུ་མཚོ་ནག་ས་ཁུལ་གྱི་དམག་དོན་བཀོད་སྒྲིག་ལ་སྔར་ལས་ཤུགས་སྣོན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།