ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་ནས་ཞིང་སྨན་གྱི་དུག་ཕོག་དོན་རྐྱེན་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

当地时间2017年10月9日,印度马哈拉施特拉邦亚瓦特马尔县,棉农在地里喷洒农药。.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་བའི་ཚེས་དགུའི་ཉིན། རྒྱ་གར་གྱི་མཱ་ཧཱ་ལཱ་ཧྲི་ཐི་ལཱ་པང་གི་ཡཱ་ཝ་ཐི་མཱ་ཨར་རྫོང་དུ་སྲིང་བལ་འདེབས་པའི་ཞིང་བས་ཞིང་ནང་དུ་ཞིང་སྨན་གཏོར་བཞིན་པ། བསྒྲགས་པ་ལྟར་ན། ཡཱ་ཝ་ཐི་མཱ་ཨར་རྫོང་དུ་ཉེ་བའི་ཟླ་ངོ་གསུམ་གྱི་རིང་ཞིང་སྨན་གྱི་དུག་ཕོག་དོན་རྐྱེན་མང་དུ་བྱུང་སྟེ། ཉུང་མཐར་ཡང་ཞིབ་བ་བཅུ་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བརྒྱ་དང་སོ་བརྒྱད་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱས་པ་རེད། དུག་ཕོག་མཁན་དེ་དག་ནི་སྲིང་བལ་འདེབས་སའི་ཞིང་སར་ཞིང་སྨན་གཏོར་སྐབས་ཁ་ཐུམ་སོགས་དུག་འགོག་སྒྲིག་ཆས་བེད་སྤྱོད་མ་བྱས་པ་ལས་དོན་རྐྱེན་དེ་འདྲ་བྱུང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།