ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་སོ་ཏི་ཨ་རབ་ལ་མཚོན་ཆ་སྣ་ལྔ་འདོན་སྤྲོད་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་དམག་དོན་ལག་རྩལ་མཉམ་ལས་ཅུའུ་ཡིས་ཚེས་དགུའི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་ཀྱི་དམག་དོན་བཟོ་ལས་ཁེ་ལས་ཀྱིས་ཉེ་སྔོན་ཨུ་རུ་སི་ཡིས་སོ་ཏི་ཨ་རབ་ལ་མཚོན་ཆ་སྣ་ལྔ་འདོན་སྤྲོད་བྱེད་པའི་གྲོས་མཐུན་བཀོད། དེའི་ནང་འཕེན་ཚད་ཆེས་ཆེ་བ་སྤྱི་ལེ་བཞི་བརྒྱ་ཡིན་པའིS-400རྟགས་ཅན་གྱི་མཁའ་སྲུང་འཕུར་མདའ་དང་། དམིགས་བསལ་གྱི་ཐན་ཁི་འཁོར་ལོར་རྒོལ་བའི་འཕུར་མདའ། རང་འགུལ་གྱི་འཕུར་མདའི་གཏོང་འཕེན་སྒྲིག་ཆས། མེ་ཤུགས་འཕུར་མདའ། རང་འགུལ་མེ་མདའ་བཅས་འདུས། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་སོ་ཏི་ཨ་རབ་ཀྱི་འགོག་སྲུང་མཉམ་ལས་ཀྱི་དམིགས་ཡུལ་ནི་འཛམ་གླིང་དང་ས་ཁུལ་གྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་ཡིན་པ་ལས་རྒྱལ་ཁབ་གང་རུང་ལ་དམིགས་པ་མིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།