ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པས་ཙུང་ཐུང་གི་འདེམ་བསྐོ་ཐེངས་གཉིས་པ་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་ངོ་རྒོལ་ཕྱོགས་ཁག་རྒྱལ་ཁབ་རིམ་འདས་མནའ་འབྲེལ་གྱི་མགོ་ཁྲིད་པ་ཨོ་ཐིན་ཅཱ་ཡིས་ཚེས་བཅུའི་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་སྤེལ་རྒྱུར་ཐག་བཅད་པའི་ཙུང་ཐུང་གི་འདེམ་བསྐོ་ཐེངས་གཉིས་པ་ལས་ཕྱིར་འབུད་རྒྱུ་ཡིན་པ་དང་། ཉིན་དགུ་བཅུའི་ནང་ཡང་བསྐྱར་འདེམ་བསྐོའི་བྱ་བ་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན།

ཨོ་ཐིན་ཅཱ་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཁུན་ནེ་ཡཱའི་རང་བཙན་འདེམ་བསྐོ་དང་མཐའ་མཚམས་ཨུ་ཡོན་ལྷན་ཁང་གིས་འཁོར་སྐྱོད་བྱེད་ཐབས་དང་མི་སྣའི་བཀོད་སྒྲིག་ཐད་བཟོ་བཅོས་ཅི་ཡང་བྱེད་རྩིས་མེད་པས། འདེམ་བསྐོ་ཐེངས་དང་པོའི་སྐབས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ཡང་བསྐྱར་མི་འབྱུང་བར་ཁག་ཐེག་བྱེད་ཐབས་མེད་ཟེར། ཨོ་ཐིན་ཅཱ་ཡིས་ཁུན་ནེ་ཡཱའི་རང་བཙན་འདེམ་བསྐོ་དང་མཐའ་མཚམས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་སྤེལ་རྒྱུར་ཐག་བཅད་པའི་ཙུང་ཐུང་གི་འདེམ་བསྐོ་ཐེངས་གཉིས་པ་དེ་རྩིས་མེད་དུ་གཏོང་དགོས་པ་དང་། ཉིན་དགུ་བཅུའི་ནང་འདེམ་སྒུག་མི་སྣར་ཡང་བསྐྱར་འདེམ་བསྐོའི་བྱ་བ་བཀོད་སྒྲིག་བྱེད་དགོས་པའི་རེ་བ་བཏོན།

ཀྲུའུ་པུས་ལེ་ཏང་གི་ཙུང་ཐུང་འདེམ་སྒུག་མི་སྣ། ད་ལྟའི་ཙུང་ཐུང་ཁུན་ཡཱ་ཐཱ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨོ་ཐིན་ཅཱ་འདེམ་བསྐོ་ལས་ཕྱིར་འབུད་པའི་དབང་ཆ་ཡོད་ཀྱང་། ཟླ་བཅུ་བའི་ཚེས་ཉེར་དྲུག་ཉིན་གྱི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དུས་ལྟར་སྤེལ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།