དབྱི་རག་གི་ཙུང་ལི་ཡིས་དབྱི་རག་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དེ་ད་ལོར་ཚར་གཅོད་ཐུབ་པར་བཤད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་བཅུའི་ཉིན་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དབྱི་རག་མངའ་ཁོངས་སུ་ཡོད་པའི་སྟོབས་ཤུགས་དེ་ད་ལོར་ཚར་གཅོད་ཐུབ་ངེས་རེད་ཟེར།

ཨ་པཱ་ཏིས་ཀྱིས་ཉིན་དེར་པཱ་ཀི་ཏཱ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་དབྱི་རག་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་བླངས་པའི་རྒྱལ་ཁར་གཟེངས་བསྟོད་བྱས། ཁོས་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དེ་ད་ལོར་དབྱི་རག་ནས་ཚར་གཅོད་ཐུབ་ངེས་རེད་ཟེར།

དབྱི་རག་དམག་དཔུང་གིས་ཟླ་བདུན་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ལོ་ངོ་གསུམ་ལྷག་ལ་བཙན་བཟུང་བྱས་པའི་མའོ་སུའུ་ཨར་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱས་པ་དང་། དེའི་རྗེས་སུ་མའོ་སུའུ་ཨར་ནུབ་ངོས་ཀྱི་ཐེ་ལེ་ཨ་ཧྥེ་ཨར་ཕྱིར་འཕྲོག་ལེན་བྱས། མིག་སྔར་ཅི་ཨར་ཁུའུ་ཁི་ཞིང་ཆེན་ནུབ་ཕྱོགས་ཀྱི་ཧཱ་ཝེ་ཅེ་ས་ཁུལ་ཕལ་ཆེར་ཕྱིར་འཕྲོག་ལེན་བྱས་ཡོད། མིག་སྔར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་ནས་བཙན་བཟུང་བྱས་པའི་ས་ཁུལ་ལ་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་ཧྲི་ཨར་ཅཱ་ཐི་གྲོང་རྡལ་དང་ཨན་པཱ་ཨར་ཞིང་ཆེན་ནུབ་ངོས་ཀྱི་མཁར་གྲོང་གསུམ། དེ་མིན་ས་ཁུལ་གཞན་པ་ཉུང་ཙམ་ལས་མེད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།