ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་རྒྱལ་ས་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ནང་སྲིད་པུའུ་ཡིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། སི་རི་ཡཱའི་རྒྱལ་ས་ཏཱ་མཱ་ཧྲི་ཀི་ནས་ཉིན་དེར་ཉེན་རྟོག་པར་དམིགས་པའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་བ་དང་། དོན་རྐྱེན་དེ་ལས་འཇབ་རྒོལ་མཁན་མ་གཏོགས་པའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག་ཡོད་ཟེར།

སི་རི་ཡཱའི་ནང་སྲིད་པུའུ་ཡི་དཔོན་པོས་ས་དེའི་གསར་འགྱུར་ལས་རིགས་ལ་བསྟན་དོན། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གཉིས་ཉིན་དེར་ཏཱ་མཱ་ཧྲི་ཀི་གྲོང་ཁྱེར་ལྟེ་གནས་སུ་ཡོད་པའི་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡི་ཐོག་ཁང་དུ་འཛུལ་རྩིས་བྱས་པ་དང་། ཉེན་སྲུང་བའི་བར་འགལ་བ་བྱུང་རྗེས། རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་རེད། གཞན་ཡང་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གཅིག་གིས་ཉེན་རྟོག་སྤྱི་ཁྱབ་ཅུའུ་ཡི་ཉེ་འདབས་སུ་ཉེན་རྟོག་པས་མཐའ་བསྐོར་རྗེས་འགད་རྫས་འགས་གཏོར་བཏང་བ་རེད།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།