ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་ནགས་ཚལ་མེ་སྐྱོན་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

10月10日,在美国加利福尼亚州纳帕,一名居民在房屋上洒水。.jpg

ཟླ་བཅུ་བའི་ཚེས་བཅུའི་ཉིན། ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་ནཱ་ཕཱ་ནས། སྡོད་དམངས་ཞིག་གིས་ཁང་བའི་སྟེང་ཆུ་གཏོར་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་བྱང་ཕྱོགས་ཀྱི་ནགས་ཚལ་མེ་སྐྱོན་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་སོང་། ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་ནགས་ལས་དང་མེ་གསོད་ཅུའུ་ཡིས་ཚེས་བཅུ་གཅིག་ཉིན་བདེན་དཔང་བྱས་དོན། མེ་སྐྱོན་དེ་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་ནགས་ལས་དང་མེ་གསོད་ཅུའུ་ཡི་ཅུའུ་ཀྲང་ཕེན་ལོ་ཐི་ཡིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མེ་སྐྱོན་དེ་ལས་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར། ཁོས་བསྟན་དོན། མིག་སྔར་མེ་གསོད་མི་སྣ་སྟོང་བརྒྱད་ཀྱིས་མེ་གསོད་པར་འབད་བཞིན་ཡོད་ཟེར།

གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཅཱ་ལེ་ཧྥུའུ་ནེ་ཡཱ་ཀྲིག་གི་སོ་ནོའུ་མཱ་རྫོང་གི་ཉེན་རྟོག་དཔོན་པོ་ཆའོ་ཏན་ནོའུ་ཡིས་ཚེས་བཅུ་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། རྫོང་དེ་ནས་མི་ལྔ་བརྒྱ་དང་དྲུག་ཅུ་གར་སོང་རྙེད་མེད་པ་དང་། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཆའོ་ཏན་ནོའུ་ཡིས་བཤད་རྒྱུར། སོ་ནོའུ་མཱ་རྫོང་ནས་ཆེས་ཐོག་མར་འབྱོར་བའི་གར་སོང་མ་རྙེད་པའི་མི་གྲངས་དྲུག་བརྒྱ་དང་བདུན་ཅུ་ཡིན་པ་དང་། རྗེས་སུ་ཐབས་ལམ་མང་བོ་བརྒྱུད་དེ་མི་བརྒྱ་དང་བཅུ་རྙེད་ཡོད་ཟེར། མེ་སྐྱོན་གྱི་གནོད་པ་ཐེབས་པའི་ཁང་བ་དག་གཙང་ཕྱགས་བྱེད་པའི་བྱ་བ་རིམ་བཞིན་སྤེལ་བ་དང་བསྟུན་ནས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་ངེས་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།