དབྱི་སི་རལ་གྱི་དམག་མིར་ལྷོ་ཕྱོགས་ཀྱི་ཅཱ་ཧྲ་དང་འབྲེལ་བའི་ས་ཁུལ་ནས་འཇབ་རྒོལ་ཐེབས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་མིར་ལྷོ་ཕྱོགས་ཀྱི་ཅཱ་ཧྲ་དང་འབྲེལ་བའི་ས་ཁུལ་ནས་ཅཱ་ཧྲ་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཀྱང་། མི་སྣར་ཤི་རྨས་བཟོས་མེད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་བསྟན་དོན། དབྱི་སི་རལ་གྱི་དམག་མིས་ཅི་སུའུ་ཧྥེ་མུའུ་ས་ཁུལ་དུ་སྐོར་གཡེང་བྱེད་སྐབས་འཇབ་རྒོལ་ཐེབས་པ་དང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་རྒོལ་ལན་སྤྲད་པ་རེད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།