ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གནའ་རྫས་རྟོག་ཞིབ་རིག་པ་མཁས་ཅན་གྱིས་ཨ་ཧྥེ་རི་ཁ་ནས་རྡོ་ཆས་རྙིང་མའི་གནས་ཐེངས་དང་པོ་རྙེད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། ཁེན་ནི་ཡར་བསྐྱོད་པའི་ཀྲུང་གོའི་དེང་རབས་མིའི་རིགས་ཀྱི་འབྱུང་ཁུངས་རྟོག་ཞིབ་རུ་ཁག་གིས་ཨ་ཧྥེ་རི་ཁ་ཤར་མའི་རོངས་ཆེན་དུ་བརྟག་དཔྱད་བྱེད་སྐབས་རྡོ་ཆས་རྙིང་མའི་གནས་ཤིག་རྙེད་པ་རེད། འདི་ནི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རིག་པ་མཁས་ཅན་གྱིས་ད་བར་ཨ་ཧྥེ་རི་ཁ་ནས་རྙེད་པའི་རྡོ་ཆས་རྙིང་མའི་གནས་དང་པོ་དེ་རེད།

རྡོ་ཆས་རྙིང་མའི་གནས་དེ་དག་ཁེན་ནི་ཡའི་རོང་སའི་ཁུལ་ནཱ་ཁུའུ་ལུའུ་ཅུན་མཱ་ཁ་ལི་ཡ་རྦབ་ཆུའི་ཉེ་འགྲམ་དུ་ཡོད་པ་དང་ད་རེས་ཀྱི་ཤེས་རྟོགས་དེར་ཁེན་ནི་ཡའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གནའ་རྫས་རྟོག་ཞིབ་རིགས་གཅིག་མཁས་ཅན་གྱི་ཁས་ལེན་ཐོབ་པ་རེད།
        ཀྲུང་གོ་གནའ་རྫས་རྟོག་ཞིབ་རུ་ཁག་གི་རུ་དཔོན་ཧོ་ནན་ཞིང་ཆེན་རིག་དངོས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཀྲན་དབྱང་གིས་གསར་འགོད་པར་གནའ་རྫས་རྟོག་ཞིབ་རིག་པ་མཁས་ཅན་གྱིས་རྦབ་ཆུའི་ཉེ་འགྲམ་གྱི་ ་རྡོ་ཧྲུག་ཁྲོད་ནས་རྡོ་ཆས་11རྙེད་པའི་ནང་རྡོ་ལྷེབ་དང་། རྡོ་གཡམ། རྡོ་རྣོ་ངར་ཅན་སོགས་ཚུད་ཡོད། ལི་ཀྲན་དབྱང་གིས“ས་ཆ་དེ་ནི་རྡོ་ཆས་བཟོ་ས་ཞིག་རེད་འདུག”ཅེས་བཤད་པ་རེད།
       གནའ་རྫས་རྟོག་ཞིབ་རུ་ཁག་འདི་ནི་ཀྲུང་གོའི་རྒྱལ་ཁབ་ཕྱིའི་དེང་རབས་མིའི་རིགས་ཀྱི་འབྱུང་ཁུངས་རྟོག་ཞིབ་རུ་ཁག་གཅིག་ཡིན། ཟླ་འདིའི་ཚེས་1ཉིན་གྱི་ཕྱི་དྲོ་ཨ་ཧྥེ་རི་ཁ་ཤར་མའི་ཁེན་ནི་ཡར་བསྐྱོད་དེ་དུས་ཡུན་ཟླ་བ་གཉིས་ཀྱི་གནའ་རྫས་རྟོག་ཞིབ་དང་སྔོག་འདོན་བྱས་ནས་དེང་རབས་མིའི་རིགས་ཀྱི་འབྱུང་ཁུངས་མངོན་པའི་འགག་རྩའི་དཔང་རྟགས་འཚོལ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།