ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱལ་ཁབ་གཞི་རྒྱུའི་མཛོད་ཀྱིས་ཨོ་སི་ཁྲུ་ལི་ཡའི་སློབ་ཆེན་དང་ཁའོ་ལ་དོམ་མཉམ་འབྲེལ་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའའི་འཕྲིན། ཟླ10ཚེས11ཉིན། ཀྲུང་གོ་རྒྱལ་ཁབ་གཞི་རྒྱུའི་མཛོད་དང་ཨོ་སི་ཁྲུ་ལི་ཡའི་དབུས་ཁུན་ཧྲི་ལན་སློབ་ཆེན་གྱིས་ཚེས11ཉིན་ཨོ་སི་ཁྲུ་ལི་ཡའི་པུའུ་ལི་སི་པན་དུ་《ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་ཁའོ་ལ་དོམ་གྱི་གནམ་གཤིས་འགྱུར་ལྡོག་དང་སྣོད་བཅུད་གཞི་རྒྱུ་ཚོའི་མཉམ་འབྲེལ་ཚན་ཞིབ་》ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། ཕྱོགས་གཉིས་པོས་མཉེམ་འབྲེལ་ཐོག་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི“རྒྱལ་ཁབ་ཀྱི་ནོར་བུ”དེར་གཞི་རྒྱུའི་རིག་པའི་ཞིབ་འཇུག་བྱས་ནས་ཁའོ་ལ་དོམ་ལ་སྲུང་སྐྱོང་བྱ་ཆེད་ཚན་རིག་གི་ཁྲིད་སྟོན་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

དེ་ནི་ཀྲུང་གོ་རྒྱལ་ཁབ་གཞི་རྒྱུ་མཛོད་ཀྱིས་ཨོ་སི་ཁྲུ་ལི་ཡ་དང་མཉམ་འབྲེལ་ཐོག་སྤེལ་བའི་ཚན་ཞིབ་མཉམ་ལས་ཀྱི་རྣམ་གྲངས་དང་པོ་དེ་རེད་ལ། ཨོ་སི་ཁྲུ་ལི་ཡས་ཕྱི་རྒྱལ་གྱི་སྒྲིག་གཞི་དང་ཁའོ་ལ་དོམ་གཞི་རྒྱུར་ཞིབ་འཇུག་བྱེད་ཐེངས་དང་པོ་དེ་ཡང་རེད།

ཀྲུང་གོ་རྒྱལ་ཁབ་གཞི་རྒྱུའི་མཛོད་ཀྱི་སྒྲིག་འཛུགས་དང་འཁོར་སྐྱོད་ཀྱི་འགན་ཁུར་མཁན་ཧྲེན་ཀྲེན་ཧྭ་ཏ་སློབ་ཆེན་ཚེ་སྲོག་ཚན་རིག་ཞིབ་འཇུག་ཁང་རྒྱ་མཚོ་སུའོ་ཡི་སུའོ་ཀྲང་ཧྥན་ཀོང་དབྱི་དང་ཨོ་སི་ཁྲུ་ལི་ཡའི་དབུས་ཁུན་ཧྲི་ལན་སློབ་ཆེན་གྱི་རྒྱུན་ལས་སློབ་སྤྱི་གཞོན་པ་ཧའེ་ལུན·ཧེང་ཐེ་ལིས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། པུའུ་ལི་སི་པན་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་ཚན་རྩལ་ཚོགས་ཆུང་དང་། ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་ཀོང་ཏུང་ཞིང་ཆེན་གྱི་དཔལ་འབྱོར་ཉོ་ཚོང་སྐུ་ཚབ་ཁྲུའུ། ཁུན་ཧྲི་ལན་ཀྲོའུ་ཚན་རྩལ་པུའུ། ཨོ་སི་ཁྲུ་ལི་ཡའི་དབུས་ཁུན་ཧྲི་ལན་སློབ་ཆེན་ཁའོ་ལ་དོམ་ཞིབ་འཇུག་ལྟེ་གནས་སོགས་སྒྲིག་གཞིའི་འཐུས་མི་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།