ཀྲུང་གོ་བོད་ཀྱི་དྲ་བ།

\"རྒྱུད་གཅིག་ལམ་གཅིག\"གི་ཀྲུང་ལུགས་གསོ་རིག་གསེར་ཁབ་ཀྱི་ལག་རྩལ་ངོམས་པའི་བྱ་སྤྱོད་ཕོ་ལན་དུ་སྤེལ་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ10ཚེས10ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་འགྲེམས་སྟོན་ཕོ་ལན་གྱི་རྒྱལ་ས་ཝར་སོའི་ཝུའེ་སེ་ཝ་སློབ་ཆེན་དུ་གཉེར་ཞིང་། དེ་ལས་འཛམ་གླིང་གསེར་ཁབ་སློབ་ཚོགས་མཉམ་འབྲེལ་ལྷན་ཚོགས་(གཤམ་དུ“འཛམ་གླིང་གསེར་ཁབ་ལྷན་ཚོགས”ཞེས་བསྡུ་རྒྱུ)ཀྱི“རྒྱུད་གཅིག་ལམ་གཅིག”གི་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ལག་རྩལ་ངོམས་པའི་བྱ་སྤྱོད་ཀྱི་རིམ་སྤེལ་བྱེད་སྒོ་ཕོ་ལན་དུ་སྤེལ་བ་མཚོན་ཡོད

ད་རེས་ཀྱི་བྱེད་སྒོ་ནི་འཛམ་གླིང་གསེར་ཁབ་ལྷན་ཚོགས་དང་། ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་། ཕོ་ལན་ཁེ་ལ་ཁོའོ་ཕུའུ་ཁུང་ཙི་སློབ་གླིང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ཕོ་ལན་གྱི་ཝུའེ་སེ་ཝ་སློབ་ཆེན་ཁུང་ཙི་སློབ་ཁང་དང་། པེ་ཅིང་ཐུང་རིང་ཐང(ཕོ་ལན)ཚད་ཡོད་ཀུང་སི། ཕོ་ལན་གྱི་ཚན་རིག་རྩ་འཛུགས་དང་དོ་དམ་སློབ་ཚོགས། ཀྲུང་གོ་གསེར་ཁབ་སློབ་ཚོགས། ཀྲུང་གོ་ཀྲུང་ལུགས་སྨན་རྫས་སློབ་ཚོགས་སོགས་སྒྲིག་གཞིས་མཉམ་དུ་གཉེར་བ་ཞིག་ཡིན་པ་རེད

བྱེད་སྒོའི་ཐོག་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ཀྱི་ཐོག་མའི་ལོ་རྒྱུས་དང་། སྨན་བཅོས་ལག་རྩལ། བདེ་སྲུང་འཕྲོད་སྦྱོར། དེང་རབས་ཀྱི་འཕེལ་རྒྱས་བཅས་འགྲེམས་སྟོན་བྱས་པ་དང་འགྲེམས་སྟོན་བྱེད་རིང་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་འཆད་ཁྲིད་དང་འོས་འགན་སྨན་བཅོས་བྱས་ཏེ་ལྟ་སྐོར་དུ་ཡོང་མཁན་ཕོ་ལན་གྱི་དམངས་ཚོགས་ལ་ཉེ་འགྲམ་ནས་ཀྲུང་གོའི་སྲོལ་རྒྱུན་གྱི་གསོ་བ་རིག་པའི་གཏིང་ཟབ་པའི་ནང་དོན་ཤེས་རྟོགས་དང་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ཀྱི་ཁྱད་འཕགས་རང་བཞིན་རྒྱུས་ལོན་ཡོང་བ་བྱས་ཡོད་པ་རེད

འཛམ་གླིང་གསེར་ཁབ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲུང་གོ་གསེར་ཁབ་སློབ་ཚོགས་ཀྱི་ཚོགས་གཙོ་ལིའུ་པའོ་ཡན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་གསེར་ཁབ་ལ་ལོ་ངོ་2000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་འཛམ་གླིང་ས་ཕྱོགས་ཁག་ཏུ་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད་ཅིང་། རྒྱལ་ཁབ་དང་ས་ཁུལ་183གྱིས་ནད་རིགས་500ཙམ་སྨན་བཅོས་བྱེད་པའི་ཐད་སྤྱོད་ཀྱི་ཡོད། ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ཀྱིས་ཕོ་ལན་གྱི་མི་དམངས་ལ་བདེ་སྐྱིད་སྦྱིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
     ཕོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤུས་ཅན་གྱིས་ཕོ་ལན་དུ་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ལ་མི་སེར་མང་པོ་ཞིག་གིས་ཁས་ལེན་བྱེད་མོད། འོན་ཀྱང་ཕོ་ལན་དམངས་ཚོགས་ཀྱིས་ཀྲུང་ལུགས་གསོ་རིག་ལ་རྒྱུས་མངའ་ལོན་ཚད་ཆེན་པོ་མེད་པས། ད་ཐེངས་ཀྱི་འགྲེམས་སྟོན་བརྒྱུད་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་ཀྲུང་ལུགས་གསོ་རིག་ཐད་ཕོ་ལན་མི་སེར་གྱི་རྒྱུས་མངའ་ལོན་ཚད་ཆེ་རུ་ཕྱིན་ཡོད་ཅེས་བཤད།

འགྲེམས་སྟོན་བྱེད་རིང་འཛམ་གླིང་གསེར་ཁབ་ལྷན་ཚོགས་དང་ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་གིས་ཁེ་ལ་ཁོའོ་ཕུའུ་ཁུང་ཙི་སློབ་གླིང་དང་ཐུན་མོང་ཐོག་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མཛུབ་ཁྲིད་འོག་ཡོ་རོབ་དབུས་ཤར་ས་ཁུལ་གྱི་ཀྲུང་ལུགས་གསོ་རིག་གི་ རིག་གནས་སྤེལ་རེས་དང་ཁྱབ་གདལ་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་ཀྲུང་ལུགས་གསོ་རིག་གི་སློབ་གསོ་གསོ་སྦྱོང་སོགས་ཁྱབ་ཁོངས་ཀྱི་ཀྲུང་ཕོ་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ལ་སྐུལ་འདེད་ཐེབས་རེ་ཡོད།
     2014ལོ་ནས་བཟུང་འཛམ་གླིང་གསེར་ཁབ་ལྷན་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་ཀྲུང་ལུགས་གསོ་རིག་གསེར་ཁབ་ལག་རྩལ་ངོམས་པའི་བྱ་སྤྱོད་ཀྱི་རིམ་སྤེལ་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་དང་དེ་མིན་གྱི་སྲོལ་རྒྱུན་གསོ་རིག་དབར་གྱི་རིག་གཞུང་དང་རིག་གནས་སྤེལ་རེས་བརྒྱུད“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱིས་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཀྲུང་ལུགས་གསོ་རིག་གི་གསེར་ཁབ་ལ་རྒྱུས་མངའ་ལོན་ཚད་ཆེ་རུ་འགྲོ་བ་བྱ་རྒྱུ་དེ་ཡིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།