ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་དངུལ་ཁང་གི་གནས་ནས་གནས་བར་ཕྱོགས་གཉིས་ཀྱི་དངུལ་སྨར་རྒྱལ་སྒྲོལ་བརྗེ་རེས་ཐོག་མར་མངོན་འགྱུར་བྱུང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     མི་དམངས་དྲ་བའི་འཕྲིན། ཟླ10ཚེས12ཉིན་ཝེ་ཐེ་ནམ་གྱི་སྒོར་མོ་དུང་ཕྱུར་50བླུགས་པའི་རླངས་འཁོར་ཞིག་ཀོང་ཤིས་ཏུང་ཤིན་འགག་སྒོའི་ཕྱོགས་སུ་དལ་གྱིས་སྐྱོད་ཅིང་། དེ་ལས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་དངུལ་ཁང་གི་གནས་ནས་གནས་བར་ཕྱོགས་གཉིས་ཀྱི་དངུལ་སྨར་རྒྱལ་སྒྲོལ་བརྗེ་རེས་ཐོག་མར་མངོན་འགྱུར་བྱུང་སྟེ། ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་དངུལ་སྨར་ཐད་ཀར་རྒྱལ་མཚམས་བསྒྲལ་ནས་ཕན་ཚུན་བརྗེ་རེས་ཐུབ་ཅིང་། མཐའ་མཚམས་རྒྱུད་ཀྱི་དངུལ་རྩའི་ཕྱོགས་བསྡུས་སྒྱུར་བཅོས་ལ་སླར་ཡང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་མཚོན་གྱི་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་དང་རྒྱལ་ཁབ་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཆོག་མཆན་སྤྲད་པ་བརྒྱུད། ཀྲུང་གོ་ཞིང་ལས་དངུལ་ཁང་སྤྱི་ཁྱབ་དངུལ་ཁང་གི་མོས་ཐུན་ཐོབ་པ་དང་། ཞིང་ལས་དངུལ་ཁང་ཏུང་ཤིན་གྲོང་ཁྱེར་ཉིང་ལག་དངུལ་ཁང་གིས་མི་དམངས་ཤོག་སྒོར་དང་ཝེ་ཐེ་ནམ་གྱི་སྒོར་མོའི་དངུལ་སྨར་ཕྱོགས་གཉིས་ཀྱི་རྒྱལ་སྒྲོལ་བརྗེ་རེས་དང་གནས་ནས་གནས་བར་ཚོད་གཏོང་བྱེད་པའི་ལས་སྒོ་སྤེལ་རྒྱུའི་ཆོག་མཆན་ཐོབ་པ་རེད། ཝེ་ཐེ་ནམ་གྱི་དངུལ་སྨར་སྒོར་མོ་དུང་ཕྱུར་50ཀོང་ཤིས་ཞིང་ལས་དངུལ་ཁང་ཁོངས་གཏོགས་སུ་གཉེར་བའི་ཝེ་ཐེ་ནམ་གྱི་སྒོར་མོ་རྒྱལ་སྒྲོལ་བརྗེ་རེས་བྱེད་པའི་ལས་སྒོ་ཐོག་མ་དེ་རེད།
    ཀྲུང་གོ་མི་དམངས་དངུལ་ཁང་ནན་ཉིང་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཡང་ཀྲེང་ཏུང་གིས་2017ལོའི་ཟླ་1ནས་ཟླ་9པ་བར་ཁོ་ནར་ཀོང་ཤིས་དང་ཝེ་ཐེ་ནམ་གྱི་ཉོ་ཚོང་གྲངས་འབོར་དེས་ཀོང་ཤིས་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཉོ་ཚོང་བསྡོམས་འབོར་གྱི་85%བཟུང་བ་དང་། ཀོང་ཤིས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གྱི་42%བཟུང་བ། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཉོ་ཚོང་བསྡོམས་འབོར་གྱི་21.5%བཟུང་ཡོད། ཀོང་ཤིས་ནས་ཝེ་ཐེ་ནམ་དུ་ཡུལ་སྐོར་དང་། ཕྱི་སྦྱོང་། གཞུང་དོན་འཚམས་འདྲི། གཉེན་ཉེ་དང་གྲོགས་པོར་འཚམས་འདྲི་བཅས་བྱེད་པར་སྐྱོད་མཁན་མི་གྲངས་ལོ་རེ་བཞིན་མང་དུ་འགྲོ་བས་ཝེ་ཐེ་ནམ་གྱི་དངུལ་སྨར་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་ཡི་ཡོད་ཅེས་བརྗོད།
      ཏུང་ཤིན་གྲོང་ཁྱེར་ནི་ཀོང་ཤིས་དང་ཐ་ན་ཀྲུང་གོ་ནས་ཝེ་ཐེ་ནམ་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོར་སྐྱོད་པའི་སྟབས་བདེ་ཤོས་ཀྱི་བགྲོད་ལམ་གྱི་གྲས་ཤིག་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱ་མཚོ་དང་སྐམ་ས་སྦྲེལ་བའི་འགག་སྒོའི་གྲོང་ཁྱེར་གཅིག་པུ་དེ་རེད། མི་དམངས་ཤོག་སྒོར་དང་ཝེ་ཐེ་ནམ་གྱི་སྒོར་མོའི་དངུལ་སྨར་ཕྱོགས་གཉིས་ཀྱི་རྒྱལ་སྒྲོལ་བརྗེ་རེས་དང་གནས་ནས་གནས་བར་ལས་སྒོ་བདེ་བླག་ངང་གཉེར་བ་ལས་ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་དངུལ་སྨར་ཐད་ཀར་རྒྱལ་སྒྲོལ་བརྗེ་རེས་ཐུབ་པ་དང་རྒྱལ་ཁབ་ཕྱི་ནང་ཕན་ཚུན་སྦྲེལ་ཐུབ་པས། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སོ་སོའི་རྒྱལ་ཁབ་ནས་མི་དམངས་ཤོག་སྒོར་དང་ཝེ་ཐེ་ནམ་གྱི་སྒོར་མོ་ཕན་ཚུན་བརྗེ་ཐུབ་པ་དང་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྲོ་བའི་འཕེལ་རིམ་ལ་སྐུལ་འདེད་ཐེབས་རྒྱུ་ཡིན་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།