ཀྲུང་གོ་བོད་ཀྱི་དྲ་བ།

​ལྷོ་སུའུ་ཏན་ལ་སྐྱོད་མཁན་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་གི་བཟོ་སྐྲུན་དམག་གིས་འཕྲལ་སྡོམ་འགོག་སྲུང་གི་ནང་སྦྱོང་སྒྲིག་འཛུགས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     མི་དམངས་དྲ་བའི་འཕྲིན།  ལྷོ་སུའུ་ཏན་གྱི་ཝ་ཝུའུ་ནས་གནས་ཚུལ་སྤེལ་གསལ། ས་གནས་དེ་གའི་དུས་ཚོད་ཚེས12ཉིན་གྱི་ཐོ་རེངས་ཆུ་ཚོད་5དང་སྐར་མ་སུམ་ཅུར་སྒྲ་གསལ་ལ་ཛ་དྲག་ཆེ་བའི་ཉེན་བརྡ་གློ་བུར་དུ་གྲགས་པ་དང་ཆབས་ཅིག་ཚོད་ལྟའི་དངོས་འཐབ་ཀྱི་འཕྲལ་སྡོམ་འགོག་སྲུང་ནང་སྦྱོང་དངོས་སུ་འགོ་ཚུགས་པ་རེད། ལྷོ་སུའུ་ཏན(ཝ་ཝུའུ)ལ་སྐྱོད་མཁན་ཀྲུང་གོའི་དུས་ཁག་བརྒྱད་པའི་ཞི་བདེ་སྲུང་སྐྱོང་གི་བཟོ་སྐྲུན་དམག་མི་ཚོས་མགྱོགས་མྱུར་མདེའུ་འགོག་གྱོན་ཆས་དང་རྨོག་ཞྭ་ལེགས་པར་གྱོན་ཏེ་མཚོན་ཆ་དང་རྫས་མདེལ་བླངས་རྗེས་ཁ་འགྲེམས་ལམ་རྒྱུད་གཞིར་བཟུང་གཏན་འཁེལ་གྱི་འགེབས་སྲུང་འཛིང་རགས་ཀྱི་ཕྱོགས་སུ་ཁ་འགྲམ།

      ཉེ་བའི་ལོ་ཤས་རིང་ལྷོ་སུའུ་ཏན་གྱི་བདེ་འཇགས་དུས་བབ་ལ་མི་རྣམས་སེམས་ཁྲལ་ཆེ་པོ་ཡོད་པ་དང་། ཐོན་སྲིད་པའི་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་ཆེད། ཞི་བདེ་སྲུང་སྐྱོང་གི་བཟོ་སྐྲུན་དམག་གིས་གློ་བུར་དུ་དྲག་པོའི་འཇབ་རྒོལ་ཕོག་པ་དང་། ཛ་དྲག་ཁ་འགྲེམས། རོགས་སྐྱོབ། ཕྱིར་འཐེན། མཉམ་ལས་འགན་ལེན་སོགས་ལ་རྒྱུ་རྐྱེན་མང་པོའི་ཕྱོགས་བསྡུས་ནང་སྦྱོང་སྒྲིག་འཛུགས་ཐེངས་མང་བྱས་ཡོད།
     ལས་འགན་ཁུལ་གྱི་དུས་བབ་དང་འཁུར་བའི་འགན་ལེན་ལས་འགན་གྱི་ཁྱད་ཆོས་ལ་གཞིགས་ནས་ཞི་བདེ་སྲུང་སྐྱོང་གི་བཟོ་སྐྲུན་དམག་གིས་འཕྲལ་དུ་རིམ་པ་ཁག་དང་རིགས་ཁག་གི་འཕྲལ་སྡོམ་སྔོན་ཇུས་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་བ་དང་། ཐོལ་བྱུང་གི་གནས་ཚུལ་སྣ་ཚོགས་བཀོད་སྒྲིག་བྱས་ནས་བླངས་པའི་ལས་འགན་དང་། སྐབས་བསྟུན་ཐབས་ཇུས། མགྱོགས་མྱུར་མངགས་པ། ཐག་གཅོད་གནས་ཚུལ་བཅས་ཀྱི་ནང་སྦྱོང་བྱ་ཐབས་དང་གོ་རིམ་ལ་གཞིགས་ནས་འཕྲལ་སྡོམ་ཡན་ལག་རུ་ཁག་གི་བཀོད་འདོམས་དང་མགྱོགས་མྱུར་ཚུར་སྣང་ཐུབ་ནུས་གཙོ་བོ་མངོན་གསལ་དོད་པོ་ཡོང་བར་བྱས་ཡོད།
     ལྷོ་སུའུ་ཏན(ཝ་ཝུའུ)དུ་སྐྱོད་མཁན་ཀྲུང་གོའི་དུས་ཁག་བརྒྱད་པའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ཁྱོན་མི་གྲངས268ཡོད་པ་དང་ཟླ9པའི་ཟླ་མཇུག་ཏུ་ལས་འགན་ཁུལ་དུ་འབྱོར་ནས་ལས་འགན་ཁུལ་གྱི་ལས་གྲྭ་འགན་ལེན་གྱི་འགན་གཙོ་བོ་འཁུར་བ་དང་། འགྲོ་ལམ་དང་། ཟམ་པ། གནམ་ཐང་བཅས་བཟོ་བཅོས་དང་། སྟབས་བདེའི་དམག་སྒར་གསར་རྒྱག་དང་ཉམས་བཟོ། འགེབས་སྲུང་འཛིང་རགས་འགོག་སྲུང་། ཆུ་དང་། གློག དྲོད་རླངས་བཅས་མཁོ་འདོན་བྱེད་པའི་སྒྲིག་ཆས་བཟོ་བཅོས་བྱས་ནས་འཐབ་ཁུལ་གྱི་ཞི་བདེ་སྲུང་སྐྱོང་དཔུང་སྡེར་ལས་གྲྭའི་རྒྱབ་སྐྱོར་སོགས་ལས་འགན་མཁོ་འདོན་བྱས་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།