ཀྲུང་གོ་བོད་ཀྱི་དྲ་བ།

​ཧྥི་ཅིའི་ཙུང་ཐུང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཧྥི་ཅིའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཞེས་བཤད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      མི་དམངས་དྲ་བའི་འཕྲིན།  ཧྥི་ཅིའི་ཙུང་ཐུང་ཁུང་ལུའོ་ཐེས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ཧྥི་ཅིའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་ཧྥི་ཅིས་གྲོས་འགོ་དེ་བདེ་བླག་ངང་ལག་བསྟར་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད།

     དེ་ཉིན་ཁུང་ལུའོ་ཐེས་ཧྥི་ཅིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཕིང་ལ་བྱས་རྗེས་རྟགས་མ་སྤྲོད་པའི་མཛད་སྒོའི་ཐོག་ཧྥི་ཅིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། “རྒྱུད་གཅིག་ལམ་གཅིག”སྒྲོག་ཐག་གཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། གྲོས་འགོ་དེ་ཧྥི་ཅི་དང་ཀྲུང་གོའི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཧྥི་ཅི་དང་རྒྱལ་སྤྱིའི་སྤྱི་ཚོགས་དབར་གྱི་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བཤད།
     ཁུང་ལུའོ་ཐེས་འདི་ལོའི་ཟླ་བ་ལྔ་པར་ཧྥི་ཅིའི་ཙུང་ལི་མུའུ་པེ་ཉི་མཱ་ལཱ་མཱ་ལྷོ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གདན་ཞུའི་ཐོབ་ཐང་རག་པའི་རྒྱལ་ཁབ་གཅིག་པོ་ངོས་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་ལ་ཞུགས་པའི་སྲིད་གཞུང་གི་འགོ་གཙོ་ཡིན་པ་ལས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་གསལ་བཤད་ཐུབ་ཡོད་ཅེས་བཤད།
     ཁུང་ལུའོ་ཐེས་ད་དུང་ཧྥི་ཅིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱ་རྒྱུ་ཡིན་ལུགས་སྐོར་སླར་ཡང་བསྐྱར་བསྒྲགས་བྱས་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།