ཀྲུང་གོ་བོད་ཀྱི་དྲ་བ།

2017ལོའི་འཛམ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེ་མོ་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    མི་དམངས་དྲ་བའི་འཕྲིན། ཟླ10ཚེས14ཉིན། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་44པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེར་འགོ་ཚུགས་པ་དང་ཆ་སྙོམས་ལོ་ཚད་ལོ21ལ་ཡང་སླེབས་མེད་པའི་ཀྲུང་གོའི་གཞོན་ནུ་བཟོ་བོ་52རྩལ་ནུས་རྣམ་གྲངས47གྱི་རྩལ་འགྲན་ནང་ཞུགས་རྒྱུ་རེད།

     ཉིན་དེའི་དགོང་མོར་འགོ་ཚུགས་མཛད་སྒོ་ཨབ་ཀྲ་པེའི་ཡ་སི་གླིང་ཕྲན་གྱི་Duལུས་རྩལ་ཐང་དུ་འཚོགས་པ་རེད།
     འཛམ་གླིང་རྩལ་ནུས་རྩ་འཛུགས་ཀྱི་ཀྲུའུ་ཞི་ཤིས་མོང·པ་ཐེ་ལི་ཡིས་ཤིས་ཚིག་སྒྲོན་སྐབས་བདམས་ཐོན་པ་ཚོས་དྲང་གཞག་ངང་འགྲན་བསྡུར་དང་ཚོགས་པ་མཉམ་ལས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་འགྲན་བསྡུར་ནང་ཧུར་ཐག་ཞུགས་པ་མ་ཟད། འགྲན་ཞུགས་ཀྱི་ཉམས་མྱོང་དང་མྱོང་ཚོར་ཉེ་འགྲམ་གྱི་མིར་བརྒྱུད་སྤྲོད་ཀྱང་བྱེད་དགོས་པའི་ལྕག་སྐུལ་བྱས་ཡོད། རྗེས་མའི་ཉིན་བཞིའི་ནང་བདམས་ཐོན་པ1260ལྷག་ཙམ་གྱིས་རྣམ་གྲངས་52ནང་རང་ཉིད་ཀྱི་རྩལ་འགྲན་རྒྱུ་རེད།
     འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོར“འཛམ་གླིང་རྩལ་ནུས་ཨོ་ལིམ་ཕིག”ཅེས་གྲགས། དེའི་འགྲན་ནུས་ཆུ་ཚད་ཀྱིས་དེང་དུས་ལས་རིགས་རྩལ་ནུས་འཕེལ་རྒྱས་ཀྱི་འཛམ་གླིང་གི་སྔོན་ཐོན་ཆུ་ཚད་མཚོན་གྱི་ཡོད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།