ཀྲུང་གོ་བོད་ཀྱི་དྲ་བ།

​2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་གྲོས་ཚོགས་གླེང་སྟེགས་གྲུབ་འབྲས་ཐོབ་པའི་སྒོ་ནས་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     མི་དམངས་དྲ་བའི་འཕྲིན། ཟླ10ཚེས14ཉིན2017ལོའི་འབོ་གསེར་རྒྱལ་ཁབ་ཀྱི་གྲོས་ཚོགས་གླེང་སྟེགས་དེ་ཨུ་རུ་སུའི་གྲོང་ཁྱེར་ཧྲེན་པི་ཏེ་པའོ་རུ་འཚོགས་པ་དང་། དེ་ནི་2017ལོའི་འབོ་གསེར་གྱི་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་གཙོ་གཉེར་བྱས་པའི་བྱེད་སྒོ་གལ་ཆེན་ཞིག་རེད། བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“གྲོས་ཚོགས་དབར་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་ཞལ་འཛོམས་ཀྱི་གྲུབ་འབྲས་ལ་སྐུལ་འདེད་གཏོང་རྒྱུ”དེ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཕིང་གིས་གླེང་སྟེགས་གཙོ་སྐྱོང་གནང་བ་དང་། ལྷོ་ཨ་ཧྥེ་རི་ཁའི་རྒྱལ་ཡོངས་ཞིང་ཆེན་རིམ་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་ཞི་མོ་ཏི་སའེ་དང་། པར་ཙིར་གྱི་གྲོས་ཁང་གོང་མའི་གྲོས་དཔོན་ཨོ་ལི་ཝུའེ་ལ། ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མ་ཀྲུའུ་ཞི་ཝོ་ལུའོ་ཅིན། རྒྱལ་ཕྲན་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་ཨང་དང་པོ་ཧྥེ་ཏེ་ལུའོ་ཧྥུའུ། རྒྱ་གར་མི་དམངས་གྲོས་ཚོགས་ཁང་གི་གྲོས་དཔོན་མ་ཧ་ཀྲན་བཅས་ཞུགས་པ་རེད།

      ཀྲང་ཕིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞ་མོན་ཞལ་འཛོམས་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས“འདྲ་མཉམ་ངང་ལྟ་སྟངས་འཛིན་པ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག” “དངོས་སྒྲུབ་གསར་གཏོད་དང་མཉམ་ལས་གཉིས་ཕན” “བློ་རྒྱ་ཆེན་པོས་རང་ཕན་རྩེ་གྲ་བརྩོན་པ”བཅས་བློ་སྒོ་འབྱེད་པའི་ནང་དོན་གལ་ཆེན་གསུམ་བཏོན་ནས་སླད་ཕྱིན་གྱི་འབོ་གསེར་མཉམ་ལས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རྒྱལ་ཁབ་ལྔའི་ཁྲིམས་འཛུགས་སྒྲིག་གཞིས་ཞ་མོན་ཞལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་དེ་སྣེ་ཁྲིད་དུ་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྐུལ་མ་གཏོང་བ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་འབོ་གསེར་མཉམ་ལས་ཆེད་ཁྲིམས་སྐྱོང་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད། ཕྱོགས་ཁག་གིས་ཀྲུང་གོས་གྲུབ་འབྲས་ཐོབ་པའི་ངང་ཞ་མོན་ཞལ་འཛོམས་གཉེར་ནས་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་ཟབ་ཏུ་འགྲོ་རྒྱུར་རྒྱབ་སྐྱོར་གྱིས་མཉམ་དུ་འབོ་གསེར་མཉམ་ལས་ཀྱི“གསེར་མདོག་ཅན་གྱི་ལོ་བཅུ”གཉིས་པ་བཏོད་པར་རྟེན་འབྲེལ་ཞུས་ཡོད་པ་རེད་ཅེས་གསུངས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།