ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་པོའི་སྨྱན་སྦྱོར་གྱིས་ཀྲུང་གུང་འགོ་ཁྲིད་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཧུར་ཐག་བྱེད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2017-10-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    མི་དམངས་དྲ་བའི་འཕྲིན། ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་གསལ། འཚོག་ལ་ཉེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་བཞིན་ཡོད། ཉེ་ཆར། སིང་ཀ་ཕོར་དང་། འཇར་མན། རྒྱ་གར་སོགས་སྨྱན་སྦྱོར་གྱིས་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ནས་འདས་ཟིན་པའི་ལོ་ལྔའི་རིང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་འགོ་ཁྲིད་ནས་ཁྱབ་ཁོངས་ཁག་ཏུ་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་ལ་གདེང་འཇོག་བཟང་པོ་བྱས་ནས་ཀྲུང་གུང་གི་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོ་དང་འཛམ་གླིང་ལ་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

     སིང་ཀ་ཕོར་གྱི་《མཉམ་འབྲེལ་ཞོགས་པའི་ཚགས་པར་》ཐོག་རྩོམ་ཡིག་མང་པོ་སྤེལ་ནས་འདས་ཟིན་པའི་ལོ་ལྔའི་རིང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཡོད། རྩོམ་ཡིག་ནང་། ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཀྲུང་གུང་གི་འགོ་ཁྲིད་རིམ་པའི་གྲུབ་འབྲས་ཕྱིར་དྲན་བྱས་ཡོད་པ་རེད།
     རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་འཛུགས་སྐྱོང་ཐད་ཀྲུང་གོས་ཕྱོགས་མང་པོའི་ཐོག་ནས་ཚོད་ལྟ་བྱས་པ་སྟེ། རིམ་ཁག་སྐོར་གཟིགས་སྐོར་བཤེར་ལམ་ལུགས་བཙུགས་ནས་ཀྲུང་གུང་ལོ་རྒྱུས་ཐོག་གི་སྐབས་གཅིག་གི་ལས་འགན་འཁུར་ཡུན་ནང་ཀྲུང་དབྱང་གི་སྐོར་གཟིགས་ཐོག་མར་ཁྱོན་ཡོངས་ལ་ཁྱབ་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་མཁན་སྡེ་ཚན་གྱིས་མངགས་སྡོད་སྒྲིག་གཞི་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་འབྲེལ། ནང་ཁུལ་གྱི་སྒྲིག་གཞི་ལེགས་སྒྲིག་ཀྱང་བྱས་པ། ཀྲུང་གུང་ཀྲུང་དབྱང་གིས་སྔ་རྗེས་སུ་སྤྱོད་གཙང་རང་གཅུན་གྱི་ཚད་གཞི་དང་། འགན་འཁྲི་བདའ་འདེད་ཀྱི་སྲོལ་ཡིག ཏང་གི་སྒྲིག་ཁྲིམས་ཀྱི་ཆད་གཅོད་སྲོལ་ཡིག སྐོར་གཟིགས་ལས་དོན་གྱི་སྲོལ་ཡིག་སོགས་ཏང་ནང་ཁུལ་གྱི་གཏན་འབེབས་གསར་པ་རབ་དང་རིམ་པ་བཏོན་ནས་སྒྲིག་སྲོལ་དང་ལམ་ལུགས་བཙུགས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་བཅས་ཚུད་ཡོད།
     སིང་ཀ་ཕོར་གྱི་《མཚོ་འགག་སྐབས་དོན་ཚགས་པར་》ཐོག་སྤེལ་བའི་རྩོམ་ཡིག་ནང་། ཀྲུང་གུང་གིས་ཚོགས་ཆེན་བཅུ་དགུ་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བའི་ཐད་གྲོས་བསྡུར་བྱ་རྒྱུ་དང་། ཀྲུང་གོ་ཉིད་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་དཔེ་མཚོན་དུ་གྱུར་ཡང་ཀྲུང་གུང་འགོ་ཁྲིད་རིམ་པས་ད་དུང་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད་ཅེས་འཁོད་ཡོད།
     ཉེ་དུས། འཇར་མན་གྱི་《འཛམ་གླིང་ཚགས་པར་》གྱི་དྲ་ཚིགས་ཐོག་སྤེལ་བའི་རྩོམ་ཡིག་ནང་། དེང་སྐབས་ཀྲུང་གོའི་དཔལ་འབྱོར་དར་ཞིང་རྒྱས་ལ་མི་དམངས་ཀྱི་ཡོང་འབབ་ཀྱང་མཐོ་རུ་ཕྱིན་པས་མི་དམངས་ཀྱིས་སྲིད་འཛིན་ཏང་ལ་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད། ཀྲུང་གོའི་འགོ་ཁྲིད་རིམ་པས་ཀྲུང་གོ་ཉིད་འཛམ་གླིང་གི་སྟོབས་ཆེའི་རྒྱལ་ཁབ་ཏུ་འགྱུར་རེ་བྱེད་ཀྱི་ཡོད། འཚོག་ལ་ཉེ་བའི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ཆེད་ཁ་ཕྱོགས་གསལ་སྟོན་བྱ་རྒྱུ་རེད་ཅེས་འཁོད་ཡོད།
     《རྒྱ་གར་ཆོས་པའི་ཚགས་པར་》ཐོག་སྤེལ་བའི་རྩོམ་ཡིག་ནང་། འདས་ཟིན་པའི་ལོ་ལྔའི་རིང་ཀྲུང་གོས་སྒྱུར་བཅོས་གལ་ཆེན་རབ་དང་རིམ་པ་བྱས་ཡོད། རུལ་སུངས་ལ་ངོ་རྒོལ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་བཅས་དང་དེ་བཞིན་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ལེགས་སུ་བཏང་བ་སོགས་ཀྱི་ལས་ཀར་ཕན་འབྲས་ཐོན་ཡོད་ཅེས་འཁོད་ཡོད།
     རྩོམ་ཡིག་ནང་འཁོད་དོན། འཚོག་ལ་ཉེ་བའི་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་སྐབས་གསར་པའི་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་ཐོན་རྒྱུ་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་ཡོད། རྒྱལ་སྤྱིའི་ལས་སྒོའི་ནང་ཀྲུང་གོས་ཉིན་རེ་ལས་མ་འདས་པར་ནུས་པ་གལ་ཆེན་ཐོན་གྱི་ཡོད་པས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་ཀྲུང་གོ་དང་འཛམ་གླིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།