ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་བྱང་ཕྱོགས་པང་གི་གློག་འདོན་བཟོ་གྲྭ་ཞིག་ནས་འགས་གཏོར་བྱུང་སྟེ་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱ་གར་གསར་འགྱུར་ལས་རིགས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་བསྒྲགས་པ་ལྟར་ན། རྒྱ་གར་བྱང་ཕྱོགས་པང་གི་གློག་འདོན་བཟོ་གྲྭ་ཞིག་གི་ཁྲོ་ཐབ་ལ་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ལྷག་ལ་རྨས་ཕོག་ཡོད་ཟེར།

ཕྱི་རྒྱལ་དུ་འཚམས་འདྲི་བྱེད་བཞིན་པའི་བྱང་ཕྱོགས་པང་གི་དབུ་བཞུགས་པུའུ་ཀྲང་ཡོ་ཅི་ཡིས་བསྟན་དོན། དོན་རྐྱེན་དེའི་ཁྲོད་ཚེ་ལས་འདས་པའི་བཟོ་བར་རྒྱ་གར་གྱི་སྒོར་མོ་འབུམ་གཉིས་ཀྱི་སྐྱིན་ཚབ་སྤྲོད་རྒྱུ་ཡིན་པ་དང་། རྨས་ལྗིད་མོ་ཕོག་པའི་བཟོ་བར་རྒྱ་གར་གྱི་སྒོར་མོ་ཁྲི་ལྔ་དང་རྨས་ཡང་མོ་ཕོག་མཁན་ལ་རྒྱ་གར་གྱི་སྒོར་མོ་ཁྲི་གཉིས་དང་སྟོང་ལྔའི་སྐྱིན་ཚབ་སྤྲོད་རྒྱུ་ཡིན་ཟེར།

མིག་སྔར་དཔོན་ཕྱོགས་ཀྱིས་ཐེངས་འདིའི་དོན་རྐྱེན་གྱི་བྱེ་བྲག་གི་འབྱུང་རྐྱེན་གསལ་བོར་གཏན་འཁེལ་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།