ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་གྱི་ཞོགས་པར་ཡེ་མིན་བྱང་ཕྱོགས་ཀྱི་སཱ་ཏཱ་ཞིང་ཆེན་དུ་བར་སྣང་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགའ་ལ་རྨས་ཕོག་ཡོད་ཟེར།

མིང་བཤད་མི་འདོད་པའི་དཔོན་རིགས་ཤིག་གིས་གསར་འགོད་པར་བཤད་རྒྱུར། བར་སྣང་འཇབ་རྒོལ་ཁྲོད་སཱ་ཏཱ་ཞིང་ཆེན་གྱི་སཱ་ཧཱ་ཨར་ས་ཁུལ་གྱི་ཚོང་རའི་དཀྱིལ་སྙིང་ས་ཁུལ་དུ་ཡོད་པའི་མགྲོན་ཁང་ཞིག་ལ་གཏོར་བརླག་ཐེབས། འདས་པོའི་ཁྲོད་ཚོང་བ་དང་བཟོ་བ། ཚོང་ཁང་ཆུང་བུའི་བདག་པོ་སོགས་འདུས་ཟེར།

ཡེ་མིན་གྱི་སཱ་ཏཱ་ཞིང་ཆེན་དང་སོ་ཏི་ཨ་རབ་འབྲེལ་ཡོད་པ་དང་། མཐའ་མཚམས་ས་ཁུལ་དུ་དྲག་ཤུགས་འཁྲུག་རྩོད་དུས་ངེས་མེད་དུ་འབྱུང་བཞིན་ཡོད། འཇབ་རྒོལ་ཐེབས་པའི་ཚོང་ར་དེ་འཁྲུག་རྩོད་བྱེད་སའི་ས་ཁུལ་དང་བར་ཐག་སྤྱི་ལེ་འགའ་ལས་མེད་ལ། ཧུའུ་སེ་དྲག་ཆས་མི་སྣ་དག་ནམ་རྒྱུན་ཚོང་ར་དེར་ཉོ་ཚོང་བྱེད་དུ་ཡོང་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།