ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཡོན་ཏུང་ས་ཁུལ་གྱིས་ཕྱི་དངུལ་ནང་འགུག་བྱེད་པའི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོར་འཚམས་འདྲི་བྱེད་བཞིན་པའི་ཨུ་རུ་སིའི་ཡོན་ཏུང་འཕེལ་རྒྱས་པུའུ་ཡི་པུའུ་ཀྲང་ཅཱ་ལུའུ་ཧྲི་ཁཱ་ཡིས་ཉེ་སྔོན་མི་དམངས་དྲ་བའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་ཡིས་ཕྱི་དངུལ་ནང་འགུག་གི་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་བཞིན་ཡོད་ཟེར།

ཅཱ་ལུའུ་ཧྲི་ཁཱ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཡོན་ཏུང་ས་ཁུལ་དུ་སྔ་ན་མེད་པའི་རྒྱལ་སྤྱིའི་མཉམ་ལས་ལས་གཞི་རེ་འགའ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། ལས་གཞི་དེ་དག་འཛུགས་སྐྲུན་བྱེད་པར་ལག་རྩལ་མི་སྣ་མཁོ་ཆེ་བས། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཆེད་དུ་ཡོན་ཏུང་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་གསར་སྤེལ་ཁང་བཙུགས་ཡོད་ཟེར།

ཅཱ་ལུའུ་ཧྲི་ཁཱ་ཡིས་བཤད་རྒྱུར། ལས་ཁུངས་དེའི་ལས་འགན་ནི་བྱེ་བྲག་གི་དངུལ་གཏོང་མཁན་དང་བྱེ་བྲག་གི་ལས་གཞིར་ངལ་རྩོལ་པའི་ཐོན་ཁུངས་ཀྱི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཡིན་ལ། དེའི་སྤྱོད་སྒོ་ནི་ལག་རྩལ་མི་སྣ་གསོ་སྦྱོང་དང་ཡང་ན་ཨུ་རུ་སིའི་ས་ཁུལ་དང་ཐ་ན་འཛམ་གླིང་གི་ས་ཁུལ་གཞན་ནས་འཇོན་ལྡན་མི་སྣ་ནང་འདྲེན་བྱེད་པའི་ཆེད་ཡིན་ཟེར།

ཅཱ་ལུའུ་ཧྲི་ཁཱ་ཡིས་མཚམས་སྦྱོར་བྱས་དོན། ཉེ་བའི་ལོ་གསུམ་གྱི་རིང་། ཡོན་ཏུང་ས་ཁུལ་གྱི་དངུལ་གཏོང་ཁོར་ཡུག་དང་སྤྱི་ཚོགས་དཔལ་འབྱོར་གྱི་གནས་བབ་ལེགས་བཅོས་བྱེད་ཆེད། ཨུ་རུ་སི་ཡིས་རྒྱལ་ཕྲན་མཉམ་འབྲེལ་གྱི་བཅའ་ཁྲིམས་སྣ་བཅུ་དགུ་བཏོན། ཨུ་རུ་སིའི་ཡོན་ཏན་ས་ཁུལ་དུ་གནས་སྤོར་བྱེད་པའི་མི་ལ་རིན་མེད་དུ་ས་ཞིང་འདོན་སྤྲོད་བྱེད་པ་དང་། དངུལ་གཏོང་མཁན་ལ་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱེད་པ། ཡོན་ཏུང་ས་ཁུལ་གྱི་ནུས་ཁུངས་རིན་གོང་ཇེ་དམའ་རུ་གཏོང་བ་སོགས་འདུས།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།