ཀྲུང་གོ་བོད་ཀྱི་དྲ་བ།

ཀི་ལུའུ་ཅི་ཡཱའི་གྲོང་ཁྱེར་དྲུག་གིས་ས་གནས་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀི་ལུའུ་ཅི་ཡཱའི་གྲོང་ཁྱེར་དྲུག་གིས་ཚེས་བཅུ་གཉིས་ཉིན་ས་གནས་འདེམ་བསྐོའི་སྐོར་ཐེངས་གཉིས་པའི་འདེམ་ཤོག་འཕེན་པའི་བྱ་འགུལ་སྤེལ།

ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་གསལ་སྒྲོག་ལྟར་ན། ཟླ་བཅུ་བའི་ཚེས་ཉེར་གཅིག་ཉིན་སྤེལ་བའི་ས་གནས་འདེམ་བསྐོའི་ཁྲོད། ཁུའུ་ཐཱ་དབྱེ་ཞི་དང་། ཧཱ་ཧྲུའུ་ལི། པའོ་ཨར་རོའུ་མུས། ཨོ་ཙུའུ་ཨར་ཀི་ཏིས་སོགས་གྲོང་ཁྱེར་དྲུག་གི་ཧྲི་ཀྲང་གི་འདེམ་སྒུག་མི་སྣ་གང་རུང་ལ་བརྒྱ་ཆའི་ལྔ་བཅུའི་འདེམ་ཤོག་ཐོབ་མེད་པས། སྐོར་ཐེངས་གཉིས་པར་ཧྲི་ཀྲང་འདེམ་བསྐོའི་འདེམ་ཤོག་འཕེན་དགོས་པ་རེད།

ཀི་ལུའུ་ཅི་ཡཱའི་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཚེས་བཅུ་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་བརྒྱད་ནས་དགོང་མོའི་དུས་ཚོད་བརྒྱད་བར། ཐོ་འགོད་བྱས་པའི་འདེམ་དམངས་འབུམ་གསུམ་དང་ཁྲི་གཉིས་ལྷག་གིས་གྲོང་ཁྱེར་དྲུག་གི་འདེམ་ཤོག་འཕེན་ས་སུམ་བརྒྱ་དང་བཅུ་བདུན་ནས་འདེམ་ཤོག་འཕེན་མགོ་བརྩམས་པ་དང་། འདེམ་ཤོག་ཁ་གྲངས་ལེན་པའི་བྱ་བ་དེ་འདེམ་ཤོག་འཕེན་པའི་བྱ་འགུལ་མཇུག་སྒྲིལ་རྗེས་མྱུར་མོར་སྤེལ་རྒྱུ་ཡིན་ལ། ཚོད་དཔག་བྱས་ན་ཚེས་བཅུ་གསུམ་ཉིན་མཇུག་འབྲས་ཁྱབ་སྒྲོག་བྱེད་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།