ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་དབྱི་ལིང་དང་དབྱི་རག་ལ་གནོད་སེལ་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། སྡེ་ཁག་དེས་དབྱི་ལིང་དང་དབྱི་རག་ལ་གནོད་སེལ་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡི་པུའུ་ཀྲང་ཕུའུ་ཆི་ཁི་ཧྥུའུ་ཡིས་དབྱི་ལིང་ནང་སྲིད་པུའུ་དང་དབྱི་རག་ནང་སྲིད་པུའུ་ཡི་པུའུ་ཀྲང་ལ་གློག་འཕྲིན་བཏང་སྟེ་འཚམས་འདྲི་བྱས་པ་དང་། གནོད་སེལ་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཚེས་བཅུ་གཉིས་ཉིན་དགོང་མོར་དབྱི་ལིང་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་ཚད་རིམ་བདུན་ཡན་གྱི་ས་འགུལ་བྱུང་སྟེ། མི་སྣ་མང་བོར་ཤི་རྨས་ཐེབས་པ་དང་། མི་ཁྲི་བདུན་ལྷག་ལ་ས་འགུལ་དབང་གིས་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར། ས་འགུལ་བྱུང་སྐབས་ས་ཁུལ་དེའི་ཁི་ཝེ་ཐི་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། དབྱི་སི་རལ་བཅས་རྒྱལ་ཁབ་ལའང་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་ཡོད།

ཟླ་གསར་དམར་པོ་ཚོགས་པའི་འབྲེལ་ཡོད་མི་སྣས་བསྟན་དོན། དབྱི་ལིང་ནས་ཐེངས་འདིའི་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་སུམ་བརྒྱ་དང་ལྔ་བཅུར་ཉེ་བ་དང་། ཧ་ལམ་མི་སྟོང་བཞི་ལྷག་ལ་རྨས་ཕོག་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།