ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཡོན་ཏུང་ས་ཁུལ་དུ་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་སར་ལྷུང་ནས་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཡོན་ཏུང་གི་ཧཱ་པཱ་ལོ་ཧྥུའུ་སི་ཁི་མཐའ་མཚམས་ས་ཁུལ་དུ་ཚེས་བཅོ་ལྔ་ཉིན་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་སར་ལྷུང་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཡིས་བསྒྲགས་པ་ལྟར་ན། ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་སུམ་ཅུའི་ཡས་མས་སུ། ཧཱ་པཱ་ལོ་ཧྥུའུ་སི་ཁིའི་མཁའ་འགྲུལ་ཀུང་ཟིའི་གནམ་གྲུ་ཆུང་བ་ཞིག་ནེ་ཨར་ཁན་གནམ་གྲུ་ཐང་གི་ཉེ་འདབས་ཀྱི་སྤྱི་ལེ་གཉིས་ཀྱི་མཚམས་སུ་མར་འབབ་སྐབས་སར་ལྷུང་བ་རེད།

བསྡོམས་རྩིས་རགས་ཙམ་བྱས་པ་ལྟར་ན། སར་ལྷུང་བའི་གནམ་གྲུ་དེའི་སྟེང་བསྡོམས་པས་མི་བདུན་ཡོད་པ་དང་། འགྲུལ་བ་ལྔ་དང་ཁ་ལོ་བ་གཉིས་ཡོད། དོན་རྐྱེན་དེ་ལས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། བྱིས་པ་གཅིག་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་ཡང་རྨས་སྐྱོན་ཚབས་ཆེན་ཕོག་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།