ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨ་མེ་རི་ཁའི་རྣམ་པ་ཅན་གྱི་ནཱ་ཚོས་རིང་ལུགས་ལ་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འགྲོ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དྲུག་ཉིན་ཨ་མེ་རི་ཁའི་རྣམ་པ་ཅན་གྱི་ནཱ་ཚོས་རིང་ལུགས་ལ་རྒོལ་གཏམ་གཏོང་བའི་གྲོས་ཆོད་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་ཡིན་པ་དང་། ཨ་མེ་རི་ཁ་ཕྱོགས་ཀྱིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕེན་རྩིས་ཡོད་ཟེར། གསར་འགྱུར་ལས་རིགས་ཀྱིས་བཤད་རྒྱུར། དོན་དེ་ལས་རྩོད་གླེང་འབྱུང་སྲིད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཀྱིས་འགྲེལ་བཤད་བྱས་དོན། ཨ་མེ་རི་ཁའི་རྣམ་པ་ཅན་གྱི་ནཱ་ཚོས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་གྲོས་ཆོད་འཆར་ཟིན་ལ་གནད་དོན་ཡོད་པ་དང་། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཨུ་རུ་སིའི་གྲོས་ཆོད་དེ་བེད་སྤྱད་དེ་རྒྱལ་ཁབ་གཞན་པར་ཆབ་སྲིད་དཔུང་འཇུག་བྱེད་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད་པས། ཨ་མེ་རི་ཁ་ཕྱོགས་ཀྱིས་དེར་རྒྱབ་སྐྱོར་མི་བྱེད་ཟེར།

གྲོས་ཆོད་འཆར་ཟིན་དེ་ཨུ་རུ་སི་ཡིས་བཏོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ནཱ་ཚོས་རིང་ལུགས་ཀྱི་འབྲེལ་ཡོད་གཏམ་བཤད་དང་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་པ་གཏན་འགོག་བྱེད་དགོས་པར་མ་ཟད། འདུ་ཚོགས་དང་ཁྲོམ་སྐོར་ལ་བཀག་འགོག་བྱེད་པའི་བྱེད་ཐབས་རེ་འགའ་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་མེ་རི་ཁས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་ལོ་རེ་བཞིན་འབྱུང་བཞིན་ཡོད། ཨ་མེ་རི་ཁས་ངོ་རྒོལ་བྱེད་པའི་གྲོས་ཆོད་རེ་འགར། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དང་རྒྱལ་ཁབ་གཞན་པ་རེ་འགས་ནམ་རྒྱུན་འདེམ་ཤོག་འཕེན་པའི་དབང་ཆ་བསྐྱུར་བ་ཡིན་ཡང་། གྲོས་ཆོད་དེ་དག་ལ་འདེམ་ཤོག་མང་བོ་ཡིད་འཐད་བྱུང་ནས་གྲོས་འཆམ་འབྱུང་ངེས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།