ཀྲུང་གོ་བོད་ཀྱི་དྲ་བ།

ཁམ་ཕུ་ཀྲེའི་ཆེས་མཐོའི་ཁྲིམས་ཁང་གིས་རྒྱལ་སྐྱོབ་ཏང་གཏོར་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁམ་ཕུ་ཀྲེའི་ཆེས་མཐོའི་ཁྲིམས་ཁང་གིས་ཚེས་བཅུ་དྲུག་ཉིན་ཆོད་དོན་སྤེལ་ཏེ། ཁམ་ཕུ་ཀྲེའི་ངོ་རྒོལ་ཏང་རྒྱལ་སྐྱོབ་ཏང་གཏོར་རྒྱུ་དང་། ཏང་ཁག་དེའི་མི་བརྒྱ་དང་བཅོ་བརྒྱད་ལོ་ལྔའི་ནང་སྲིད་དོན་ནང་ཞུགས་པར་གཏན་འགོག་བྱས།

ཁམ་ཕུ་ཀྲེའི་ནང་སྲིད་པུའུ་ཡིས་བཤད་རྒྱུར། རྒྱལ་སྐྱོབ་ཏང་གིས་ལྐོག་ནས་ཕྱི་རྒྱལ་སྟོབས་ཤུགས་ངན་འབྲེལ་བྱས་ཏེ། མདོག་ལྡན་གསར་བརྗེ་ལ་བརྟེན་ནས་ཁམ་ཕུ་ཀྲེའི་ཁྲིམས་མཐུན་སྲིད་གཞུང་རྩ་རྫོགས་བྱེད་པའི་གཡོ་ཇུས་འཐེན་ཡོད་པས། ཁམ་ཕུ་ཀྲེའི་སྲིད་གཞུང་གིས་ཟླ་བཅུ་བའི་ཚེས་དྲུག་ཉིན་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུག་ཕུལ་ཏེ་རྒྱལ་སྐྱོབ་ཏང་གཏོར་དགོས་པའི་རེ་བ་བཏོན་པ་ཡིན་ཟེར།

ཟླ་འདིའི་ཚེས་བཅུ་དྲུག་ཉིན། ཁམ་ཕུ་ཀྲེའི་ཆེས་མཐོའི་ཁྲིམས་ཁང་གིས་སྤེལ་བའི་དུས་ཚོད་ལྔའི་རིང་གི་ཉན་ཞིབ་ཚོགས་འདུའི་སྟེང་། ཁམ་ཕུ་ཀྲེའི་སྲིད་གཞུང་གི་ཁྲིམས་རྩོད་པས་བདེན་དཔང་སྣ་ཉེར་དྲུག་སྤྲད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།