ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་འཇར་པན་གྱིས་དུས་ཡུན་ཉིན་བཅུའི་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁ་དང་འཇར་པན་གྱིས་ཚེས་བཅུ་དྲུག་ཉིན་འཇར་པན་ལྷོ་ཕྱོགས་ཀྱི་ཁྲུང་ཧྲིན་ཉེ་འཁོར་གྱི་མཚོ་ཁོངས་ནས་དུས་ཡུན་ཉིན་བཅུའི་མཚོ་ཐོག་གི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས། ཨ་མེ་རི་ཁའི་ཕྱོགས་ཀྱིས་མི་ཁྲི་གཅིག་དང་སྟོང་བཞི་དམག་དོན་སྦྱོང་བརྡར་དེར་ཞུགས་པར་མངག་ཡོད་པ་དང་། ལོ་ནཱ་ཏི་ལིས་ཀིན་རྟགས་ཅན་གྱི་ཉིང་རྡུལ་ནུས་པའི་སྒུལ་ཤུགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་དང་། དེ་མིན་སི་ཐི་ཞི་མུའུ་རྟགས་ཅན་དང་ཁྲ་ཧྥེ་རྟགས་ཅན། མུའུ་སི་ཏེན་རྟགས་ཅན་བཅས་འཕུར་མདའི་མཐར་སྐྲོད་གྲུ་གཟིངས་གསུམ་འདུས་པའི་གྲུ་གཟིངས་གཞན་པ་མངག་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།