ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པའོ་ཨིན་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ནས་གྲུབ་འབྲས་བཟང་བོ་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་པའོ་ཨིན་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་དེ་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་གྲོལ། སྔོན་དཔག་གི་ཚོགས་གྲོལ་དུས་ཆེན་ལས་ཉིན་གཅིག་གིས་རྗེས་སུ་སྣུར། ཕྱོགས་སོ་སོས་དཀའ་སྡུག་གིས་གྲོས་མོལ་བྱས་པ་བརྒྱུད། གྲོས་ཚོགས་ནས་གྲུབ་འབྲས་བཟང་བོ་རབ་དང་རིམ་པར་གྲོས་འཆམ་བྱུང་སྟེ། ཕཱ་རེ་སིའི་གྲོས་མཐུན་གྱི་ལག་བསྟར་རྩ་གནད་ཞིབ་རྒྱས་ཀྱི་གྲོས་མོལ་དུས་ལྟར་ཡོངས་འགྲུབ་བྱེད་པར་རྨང་གཞི་བཟང་བོ་བཏིང་ཡོད།

ཐེངས་འདིི་ཚོགས་ཆེན་ནས་ཧྥེ་ཅིའི་ལག་བསྟར་སྒུལ་ཤུགས་ཞེས་པའི་གྲུབ་འབྲས་རབ་དང་རིམ་པར་གྲོས་འཆམ་བྱུང་བ་དང་། ཕཱ་རེ་སིའི་གྲོས་མཐུན་ལག་བསྟར་བྱེད་པ་དང་འབྲེལ་བའི་ཕྱོགས་སོ་སོའི་གནད་དོན་ཐད་ནས་དོ་མཉམ་པའི་གྲོས་མོལ་ཇུས་གཞི་བཏོན་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་སྐུལ་འདེད་རང་བཞིན་ཅན་གྱི་གྲོས་མོལ་གྱི་རྩ་འཛུགས་རྣམ་པ་གཏན་འཁེལ་བྱས་པར་མ་ཟད། ཉིས་སྟོང་ཉི་ཤུ་ལོའི་སྔོན་ལ་ནམ་ཟླའི་འགུལ་སྐྱོད་ཀྱི་བཀོད་སྒྲིག་རབ་དང་རིམ་པ་མྱུར་དུ་ལག་བསྟར་བྱེད་པར་གྲོས་འཆམ་བྱུང་།

ཐེངས་འདིའི་ཚོགས་ཆེན་གྱི་ཀྲུའུ་ཞི། ཧྥེ་ཅིའི་ཙུང་ལི་མུའུ་པེད་ནེ་མཱ་ལཱ་མཱ་ཡིས་བཤད་རྒྱུར། ཕྱོགས་མང་བོའི་ཐུན་མོང་ལྟ་ཚུལ་བྱུང་ནས་ནམ་ཟླའི་འགྱུར་ལྡོག་འགུལ་སྐྱོད་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པའི་བྱེད་ཐབས་ནུས་ལྡན་སྤྱོད་པར་བསམ་བློ་བཏང་ན། ཐེངས་འདིའི་ཚོགས་ཆེན་ནས་རྒྱལ་ཁ་ཆེན་པོ་བླངས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་ཨེ་སི་ཕིས་ནོའུ་སཱ་ཡིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ནས་སྐུལ་འདེད་རང་བཞིན་གྱི་གྲོས་མོལ་གྱི་བཀོད་སྒྲིག་ལ་གྲོས་འཆམ་བྱུང་བ་དང་། དུས་རིམ་རྗེས་མའི་ཆེས་མཐོ་བའི་རེ་སྙེག་ལ་མྱུར་ལམ་འདོན་སྤྲོད་བྱས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།