ཀྲུང་གོ་བོད་ཀྱི་དྲ་བ།

སུའེ་ཏེན་དང་ཧྥ་རན་སིའི་བར་གསར་གཏོད་དང་ལྷད་མེད་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་བཙུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ལེ་ཝུན་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་བདུན་ཉིན་སུའེ་ཏེན་ནུབ་ཕྱོགས་ཀྱི་ཀི་ཏི་པའོ་གྲོང་ཁྱེར་ནས་གྲོས་མཐུན་བཀོད་དེ། གསར་གཏོད་དང་གྲངས་ལྡན་རྣམ་པ་བསྒྱུར་བ། ལྷད་མེད་བཅས་ཀྱི་ཐག་གཅོད་ཇུས་གཞིའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བཙུགས། རྒྱུས་ལོན་བྱུང་བ་ལྟར་ན། གྲོགས་པོའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་ཀྱིས་སྤྱི་ཚོགས་འགྲན་རྩོད་ཐག་གཅོད་བྱེད་པ་དང་། ལས་ཞུགས་གོ་སྐབས་གསར་སྐྲུན་བྱེད་པ། སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་ལ་སྲུང་སྐྱོབ་བྱེད་པ་བཅས་ལ་ཕན་ཐོགས་ཡོད་ཟེར།

སུའེ་ཏེན་སྲིད་གཞུང་གིས་ཚེས་བཅུ་བདུན་ཉིན་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་གི་འཇིགས་ཉེན་དང་མི་གྲངས་ལོ་ལོན་ཅན། གྲངས་ལྡན་རྣམ་པ་བསྒྱུར་བ་བཅས་ལས་རྒྱལ་ཁོངས་བརྒལ་བའི་མཉམ་ལས་ཐད་རེ་བ་གསར་བ་བཏོན་ཡོད། ཕན་ཚུན་བར་གྱི་ཁྱད་སྟོབས་བེད་སྤྱད་དེ་མཉམ་དུ་གསར་སྐྲུན་དང་ལག་རྩལ་གསར་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱིས་སྔར་ལས་བཟང་བའི་སྒོ་ནས་འགྲན་རྩོད་དེ་དག་ཐག་གཅོད་ཐག་གཅོད་བྱེད་དགོས་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། གྲོགས་པོའི་འབྲེལ་བས་སྤྱི་བའི་སྡེ་ཁག་དང་རིགས་གཞུང་ལས་རིགས། ཚོང་ལས་ལས་རིགས་བཅས་ཀྱི་གསར་སྐྲུན་ནུས་པ་རྨང་གཞིར་བྱས་ཡོད།

སྤྱི་སྒྲོག་ལས་བསྟན་དོན། སུའེ་ཏེན་དང་ཧྥ་རན་སིའི་ལྷད་མེད་གསར་སྐྲུན་ཁྱབ་ཁོངས་དེ་འཛམ་གླིང་གི་མདུན་གྲལ་གོ་གནས་སུ་བསླེབ་ཡོད་པ་དང་། གྲོགས་པོའི་འབྲེལ་བ་དེ་ཚོད་དཔག་བྱས་ན་རྒྱལ་ཁབ་གཉིས་ཀྱི་ཡོ་རོབ་གླིང་མནའ་འབྲེལ་དང་རྒྱལ་སྤྱིའི་རིམ་པའི་མཉམ་ལས་ཀྱིས་ཐུན་མོང་གིས་སེམས་ཁུར་བྱེད་པའི་ཁྱབ་ཁོངས་སོ་སོའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་ཕན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཀུང་ཟིའི་བར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཕན་ཐོགས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།