ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་ཙུང་ལི་ཡིས་དམག་དོན་ཐད་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཚར་གཅོད་བྱས་ཡོད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་ཚེས་ཉེར་གཅིག་ཉིན་བསྟན་དོན། དབྱི་རག་གིས་དམག་དོན་ཐད་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཚར་གཅོད་བྱས་ཡོད་ཟེར།

ཨ་པཱ་ཏིས་ཀྱིས་ནེ་ཀིའི་གྲོས་ཚོགས་གྲོལ་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་རག་གིས་འདས་པའི་ལོ་ངོ་གསུམ་གྱི་ནང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཁྲུག་ཁྲོད་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། ལཱ་བོ་གྲོང་རྡལ་ཕྱིར་བླངས་རྗེས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ལྷག་འཕྲོ་དག་ནུབ་ཕྱོགས་ཀྱི་བྱེ་ཁུལ་དུ་སྦས་སྐོང་བྱེད་པ་ལས་ཐབས་གཞན་མེད། དེ་ལས་ང་ཚོས་དམག་དོན་ཐད་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཚར་གཅོད་བྱས་པ་མངོན་གསལ་ཡིན་ཟེར།

ཨ་པཱ་ཏིས་ཀྱིས་བསྟན་དོན། སྲིད་གཞུང་དམག་དཔུང་གིས་ནུབ་ཕྱོགས་བྱེ་ཁུལ་དུ་གཙང་ཕྱགས་བྱེད་པའི་འགུལ་སྐྱོད་མཇུག་སྒྲིལ་རྗེས། ཁོས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཆེས་མཇུག་མཐའི་ཕམ་ཉེས་ཁྱབ་སྒྲོག་བྱེད་རྒྱུ་ཡིན་ཟེར།

ཨ་པཱ་ཏིས་ཀྱིས་ད་རུང་ནན་གྱིས་བསྟན་དོན། འཇིགས་སྐུལ་རྩ་འཛུགས་ཀྱི་འཇིགས་ཉེན་ད་རུང་མཇུག་སྒྲིལ་མེད་པ་དང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་གྲོང་ཁྱེར་ལ་འཇབ་རྒོལ་བྱེད་པར་ཇི་ལྟར་བཀག་འགོག་བྱེད་པ་ནི་དུས་རིམ་རྗེས་མའི་བདེ་འཇགས་སྡེ་ཁག་གི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེན་པོ་ཞིག་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།