ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་རྒྱང་བསྐྱོད་འགས་གཏོར་གནམ་གྲུས་སི་རི་ཡཱའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་ཆམ་ཕབ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་མཁའ་དམག་གིས་ཉིན་དེར་ཐུའུ-22M3རྟགས་ཅན་གྱི་རྒྱང་བསྐྱོད་འགས་གཏོར་གནམ་གྲུ་དྲུག་མངག་སྟེ། སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། ཐུའུ-22M3རྟགས་ཅན་གྱི་རྒྱང་བསྐྱོད་འགས་གཏོར་གནམ་གྲུས་རུ་དཔུང་བསྒྲིགས་ཏེ་ཨུ་རུ་སིའི་མངའ་ཁོངས་ཀྱི་རྟེན་གཞི་ནས་འཕུར་ཏེ། སི་རི་ཡཱའི་བྱང་ཤར་ས་ཁུལ་དུ་སྦས་སྐོང་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཐལ་སྤྱོད་རྩ་འཛུགས་ཀྱི་འཐབ་འཁྲུག་སྒྲིག་ཆས་ལ་གཏོར་བརླག་བཏང་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཧི་མེད་མུས་མུའུ་མཁའ་དམག་རྟེན་གཞིར་བཀོད་སྒྲིག་བྱས་པའི་ཨུ་རུ་སིའི་མཁའ་དམག་གི་སུའུ-30SMརྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དང་སུའུ-35Sརྟགས་ཅན་གྱི་འཐབ་འཛིང་གནམ་གྲུས་འགས་གཏོར་གནམ་གྲུའི་རུ་དཔུང་ལ་སི་རི་ཡཱའི་མངའ་ཁོངས་ནས་འགེབས་སྲུང་བྱས་པ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།