ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ས་ཁུལ་མང་བོ་ནས་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ་དྲག་ཆས་ཉེས་ཅན་ཞེ་གཅིག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཚེས་ཉེར་ལྔ་ཉིན་དང་ཚེས་ཉེར་དྲུག་ཉིན་ས་ཁུལ་མང་བོ་ནས་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་ཞེ་གཅིག་བསད་ཟེར།

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་དུས་ཚོད་ཉེར་བཞིའི་ནང་། ཨ་ཧྥུའུ་ཧན་གྱི་རྒྱལ་སྲུང་བདེ་འཇགས་དམག་དཔུང་གིས་རང་གི་མངའ་ཁོངས་ཀྱི་ཞིང་ཆེན་དགུ་ནས་ཐལ་སྤྱོད་རྩ་འཛུགས་ལ་དམིགས་པའི་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། བསྡོམས་པས་དྲག་ཆས་ཉེས་ཅན་ཉི་ཤུ་བསད་པ་དང་། མི་སོ་གསུམ་ལ་རྨས་ཕོག དེ་མིན་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་ས་བཞི་གཏོར་བཤིག་བཏང་ཡོད་ཟེར།

རྒྱལ་སྲུང་པུའུ་འགུལ་སྐྱོད་མཐུན་སྦྱོར་ཚན་ཆུང་གི་ཁོངས་སུ་གཏོགས་པའི་དམིགས་བསལ་དམག་དཔུང་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། དམག་དཔུང་དེས་ཉིན་དེའི་ཉིན་གུང་ཕཱ་ཁི་ཏིས་ཡཱ་ཞིང་ཆེན་གྱི་ཅཱ་ཅི་སྲིད་འཛིན་ས་ཁུལ་ནས་འགས་གཏོར་བཏང་སྟེ་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བདུན་བསད་ཡོད་ཟེར།

ཉིན་དེར་ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པས་བདེན་དཔང་བྱས་དོན། བདེ་འཇགས་དམག་དཔུང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་ཨ་ཆན་སྲིད་འཛིན་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་བར་སྣང་འཇབ་རྒོལ་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་བཞི་བསད་པ་དང་། དེའི་ནང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་བཀོད་འདོམ་དཔོན་པོ་གཉིས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།