ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ནང་ས་ནས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཆེད་མངགས་སྒྲིག་གཞིའི་འགོ་འཛིན་པ་དང་པོས་འགན་མུ་མཐུད་བཞེས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་གོང་ཚེས་ཉིན་ཨོ་སི་ཁྲུ་རི་ཡའི་གྲོང་ཁྱེར་ཝི་ཨེན་ནར་སྐབས་བཅུ་བདུན་པའི་ཚོགས་ཆེན་འཚོགས་པ་དང་། ད་ཆའི་སྤྱི་ཁྱབ་ལས་འཛིན་པ་ལི་ཡུང་གིས་མུ་མཐུད་འགན་བཞེས་ནས་ལོ་བཞིའི་ལས་ཡུན་ཐེངས་གཉིས་པ་འཁུར་འགོ་ཚུགས་པ་རེད

ལི་ཡུང་གིས་ཚོགས་ཆེན་ཐོག་ཤིས་ཚིག་སྒྲོན་སྐབས། འདས་པའི་ལོ་བཞིའི་རིང་ཁོང་དང་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་འབད་བརྩོན་དང་ཐོབ་པའི་གྲུབ་འབྲས་ལ་ཁོངས་མིའི་རྒྱལ་ཁབ་ཀྱི་ཁས་ལེན་ཐོབ་ཡོད། ཁོངས་མིའི་རྒྱལ་ཁབ་དང་ལས་རིགས་ཁག་གི་ཡིད་ཆེས་ལས་ཁོང་ལ་ལས་འགན་ལྕི་བ་དང་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྣེ་ཁྲིད་ནས་རྗེས་མའི་ལོ་བཞིར་བསྐྱོད་རྒྱུ་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བའི་ཚོར་སྣང་བྱུང་ཞེས་གསུངས།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ལའེ་ཆཱ་ཁེས། མ་འོངས་པར་ལི་ཡུང་དང་ལས་དོན་མཉམ་སྒྲུབ་ཀྱིས་ཁོང་ཡངས་དང་རྒྱུན་སྲིང་གི་བཟོ་ལས་ཅན་ལས་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་རེ་ཡོད་ཅེས་གསུངས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་རྟེན་འབྲེལ་བརྙན་ཐུང་ནང་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ལག་རྩལ་ནང་བཤུག་དང་། མ་འཇོག་འཁོར་རྒྱུག ལག་རྩལ་འཕེལ་རྒྱས་བཅས་ཀྱི་ཁྱབ་ཁོངས་སུ་འགག་རྩའི་ནུས་པ་ཐོན་ཡོད་ཅེས་གསུངས

2013ལོའི་ཟླ་དྲུག་པར་འདེམས་ཤོག་མང་ཤོས་ཀྱི་ཐོག་ནས་ལི་ཡུང་བདམས་ཐོན་བྱུང་བ་དང་དེ་རྗེས་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པའི་འགན་བཞེས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཆེད་མངགས་སྒྲིག་གཞིའི་འགན་འཁུར་བ་ཡིན་པའི་ཀྲུང་གོའི་ནང་སའི་དཔོན་རིགས་དང་པོར་གྱུར་པ་རེད། འདི་ལོའི་ཟླ་དྲུག་པར་ཝི་ཨེན་ནར་འཚོགས་པའི་བཟོ་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ལི་ཡུང་སྒྲིག་གཞི་དེའི་སྐབས་རྗེས་མའི་སྤྱི་ཁྱབ་ལས་འཛིན་པའི་འོས་མི་འབའ་ཞིག་ཡིན་པའི་གཏན་འཁེལ་བྱས་པ་རེད

1966ལོར་བཟོ་ལས་འཕེལ་རྒྱས་རྩ་འཛུགས་བཙུགས་པ་དང་སྤྱི་ཁྱབ་པུའུ་ཝི་ཨེན་ནར་ཡོད་པ་དེའི་དམིགས་ཡུལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བཟོ་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་ལམ་གསར་པ་འཛུགས་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དེ་ཡིན་ཞིང་། སྒྲིག་གཞི་དེའི་སྲིད་འཛིན་འགོ་དཔོན་ནི་སྤྱི་ཁྱབ་ལས་འཛིན་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།