ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱ་ནས་རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་ལས་མི་ཉི་ཤུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བདེན་དཔང་བྱས་དོན། ཧིན་རྡུ་ཉི་ཞི་ཡཱའི་བཀྲའ་ཝ་ཞིང་ཆེན་གྱི་པཱ་ཀྲི་ཏན་རྫོང་གི་ཉེ་འདབས་ནས་བྱུང་བའི་རི་ཉིལ་བ་དང་ཆུ་ལོག་གི་གནོད་འཚེ་ལས་མི་ཉི་ཤུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་ལ་རྨས་ཕོག་ཟེར།

ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་བཅར་འདྲི་དང་ལེན་བྱེད་སྐབས། རྐྱེན་ལམ་དུ་ཤོར་བའི་མི་ཉི་ཤུའི་ནང་མི་བཅུ་བཞི་ས་འོག་ཏུ་མནན་ཡོད་ལ། མི་གཞན་པ་དྲུག་ཆུ་ལོག་གིས་ཁུར་བ་རེད། དེ་ལས་གཞན་གནོད་འཚེ་ལས་པཱ་ཀྲི་ཏན་རྫོང་གི་ཁང་བ་སྟོང་གཅིག་དང་བདུན་བརྒྱ་ལ་གཏོར་བརླག་ཐེབས་པ་དང་། སྡོད་དམངས་སྟོང་གཅིག་དང་བརྒྱད་བརྒྱ་དོན་དགུ་མྱུར་མོར་བདེ་འཇགས་ཀྱི་ཡུལ་གཞན་དུ་བསྐྱལ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།