ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་དགུར་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གིས་ཚེས་གསུམ་ཉིན་བདེན་དཔང་བྱས་དོན། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། བསྡོམས་པས་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གསུམ་ལ་རྨས་ཕོག་ཟེར།

ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧུའུ་ཅཱ་ཡཱ་ནེ་ཡིས་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཉིན་གུང་། འཇབ་རྒོལ་མཁན་ཞིག་གིས་ཅཱ་ལཱ་ལཱ་པཱ་ཏི་ནས་འགད་རྫས་དྲུད་པའི་འཕྲུལ་རྟ་ཞིག་འགས་གཏོར་བཏང་བ་དང་། མི་དེ་རྐྱེན་ལམ་དུ་ཤོར་བ་དང་གཞན། ཤི་རྨས་ཐེབས་མཁན་ཚང་མ་མི་སེར་དཀྱུས་མ་ཡིན་པ་དང་། དཔོན་ཕྱོགས་ཀྱིས་དེར་རྟོག་ཞིབ་བྱེད་བཞིན་ཡོད།

མིག་སྔའི་བར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།