ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་གྱི་ཞིབ་བཤེར་ས་ཁུལ་ཞིག་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་ཚེས་གསུམ་ཉིན་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་ཀྱི་ཉེ་འདབས་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། རླངས་འཁོར་སྟེང་གི་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དགུ་ལ་རྨས་ཕོག་ཟེར།

བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཐུར་ཁེ་ལྷོ་ངོས་ཀྱི་ཧཱ་ཐཱ་དབྱེ་ཞིང་ཆེན་ནས་བྱུང་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེ་སི་རི་ཡཱ་ནས་ཐུར་ཁེའི་མངའ་ཁོངས་སུ་ཡོང་སྐབས་དམག་མིའི་ཞིབ་བཤེར་དང་ལེན་མ་བྱས་པར་མྱུར་མོར་བགྲོད་སྐབས། ཁ་གཏད་དུ་ཡོང་བའི་དངོས་སྐྱེལ་རླངས་འཁོར་ཞིག་དང་ཐོ་བརྒྱབ་པ་རེད་ཟེར།

ཧཱ་ཐཱ་དབྱེ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པས་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་མི་བཅུ་ནི་ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་བའི་ཕྱི་རྒྱལ་གྱི་མི་ཡིན་པ་དང་། བྱིས་པ་དྲུག་དང་མི་དར་མ་བཞི་ཡོད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་དང་རླངས་འཁོར་སྟེང་གི་འགྲུལ་བའི་ཐོབ་ཐང་ལ་རྟོག་ཞིབ་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།