ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པས་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཤར་ཕྱོགས་ས་ཁུལ་བཅིངས་འགྲོལ་བཏང་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཚེས་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ལག་ནས་སི་རི་ཡཱའི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཤར་ཕྱོགས་ས་ཁུལ་བཅིངས་འགྲོལ་བཏང་བ་ཁྱབ་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་སྤྱིའི་མནའ་འབྲེལ་དང་ཨུ་རུ་སིའི་དམག་ཕྱོགས་ཀྱི་རྒྱབ་སྐྱོར་འོག མི་དམངས་བདེ་སྲུང་དམག་དཔུང་གིས་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་འགྲམ་གྱི་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་གྱི་ཤར་ཕྱོགས་ས་ཁུལ་བཅིངས་འགྲོལ་བཏང་ཡོད་ཟེར།

མི་དམངས་སྲུང་སྐྱོབ་དམག་དཔུང་ནི་སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་གི་ཁོངས་སུ་གཏོགས་པའི་དྲག་ཆས་རྩ་འཛུགས་ཤིག་ཡིན་པ་དང་། སི་རི་ཡཱའི་དམངས་གཙོ་དམ་དཔུང་ཁྲོད་ནུས་པ་ཆེན་པོ་ཐོན་བཞིན་ཡོད།

ཟླ་དགུ་བའི་ཟླ་སྟོད་ནས་བཟུང་། སི་རི་ཡཱའི་དམངས་གཙོ་དམག་དཔུང་གིས་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་བ་དང་། དེའི་དམག་དོན་འགུལ་སྐྱོད་སྤེལ་ས་གཙོ་བོ་ནི་ཡུག་ཧྥ་ལཱ་ཏིས་གཙང་བོའི་ཤར་འགྲམ་ས་ཁུལ་ཡིན་པ་རེད། མིག་སྔར་སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཀྱང་ཏའེ་ཨར་ཙུའུ་ཨར་ཞིང་ཆེན་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོར་ཆེས་མཇུག་མཐའི་གཙང་ཕྱགས་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།