ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧི་ཧུའུ་སེ་དྲག་ཆས་པས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

这是2012年2月27日,也门卸任总统萨利赫在首都萨那出席新总统哈迪的就职典礼。.jpg

འདི་ནི་ཉིས་སྟོང་བཅུ་གཉིས་ལོའི་ཟླ་གཉིས་པའི་ཚེས་ཉེར་བདུན་ཉིན། ཡེ་མིན་གྱི་ལས་འགན་བསྐྱུར་བའི་ཙུང་ཐུང་སཱ་ལེ་ཧི་རྒྱལ་ས་སཱ་ནཱ་ནས་ཙུང་ཐུང་གསར་བ་ཧཱ་ཏིས་ཀྱིས་ལས་འགན་ཁུར་བའི་མཛད་སྒོར་ཞུགས་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་གྱི་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧིའི་ཉེ་འཁོར་གྱི་མཐོ་རིམ་དཔོན་པོ་ཞིག་གིས་ཚེས་བཞིའི་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། སཱ་ལེ་ཧི་ཉིན་དེར་ཧུའུ་སེ་དྲག་ཆས་པས་བསད་ཟེར།

དཔོན་རིགས་དེས་བཤད་རྒྱུར། སཱ་ལེ་ཧི་དང་དེས་མགོ་ཁྲིད་པའི་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གཞོན་པ་ཨ་ཝ་ཏིས་གཉིས་ཉིན་དེར་རྒྱལ་ས་སཱ་ནཱ་དང་ཁ་འབྲལ་བའི་ལམ་བར་ནས་ཧུའུ་སེ་དྲག་ཆས་པས་བསད་པ་དང་། ཁོ་གཉིས་སྐབས་ཐོག་དེར་སྲིད་གཞུང་དམག་དཔུང་གིས་ཚོད་འཛིན་བྱེད་པའི་མཱ་ལི་པུའུ་ཞིང་ཆེན་དུ་འགྲོ་རྩིས་ཡོད་ཟེར།

དཔོན་པོ་དེས་གསར་འགོད་པར་བདེན་དཔང་བྱས་དོན། སཱ་ལེ་ཧི་ཡི་ཚ་བོ་ཐཱ་ལི་ཁི་དང་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཙུའུ་ཁཱ་གཉིས་ཀྱང་ཉིན་དེའི་སྔ་དྲོར་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཧུའུ་སེ་དྲག་ཆས་པས་དེའི་རྗེས་སུ་བརྙན་འཕྲིན་ཁང་བརྒྱུད་དེ་སཱ་ལེ་ཧི་བསད་པའི་གནས་ཚུལ་བསྒྲགས་ཏེ་འབྲེལ་ཡོད་ཀྱི་བརྙན་རིས་བསྟན་པ་རེད།

ཟླ་བཅུ་གཅིག་པའི་ཚེས་ཉེར་དགུའི་ཉིན། ཧུའུ་སེ་དྲག་ཆས་པ་དང་སཱ་ལེ་ཧིའི་དྲག་ཆས་སྟོབས་ཤུགས་ཀྱིས་སཱ་ནཱ་ནས་འཁྲུག་རྩོད་བྱས་པ་དང་། ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། ཕྱོགས་གཉིས་ཀྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར། སཱ་ལེ་ཧི་ཡིས་དྲག་ཆས་སྟོབས་ཤུགས་དང་མང་ཚོགས་ཀྱིས་ཧུའུ་སེ་དྲག་ཆས་པར་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། སཱ་ལེ་ཧིའི་ལངས་ཕྱོགས་གསར་བར་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་དང་སོ་ཏི་ཨ་རབ་ཏུ་ཉེན་ཡོལ་བྱེད་པའི་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱི་རྒྱབ་སྐྱོར་ཐོབ་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།