ཀྲུང་གོ་བོད་ཀྱི་དྲ་བ།

ཀེའུ་ནེ་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱད་བརྒྱ་དང་དོན་གཉིས་ལི་པུ་ཡཱ་ནས་ཕྱིར་རྒྱལ་ནང་དུ་བསྐྱལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀེའུ་ནེ་ཡཱའི་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་པུའུ་ཡིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། འདས་པའི་ཟླ་ངོ་གཅིག་གི་ནང་ཀེའུ་ནེ་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱད་བརྒྱ་དང་དོན་གཉིས་ལི་པུ་ཡཱ་ནས་ཕྱིར་རྒྱལ་ནང་དུ་བསྐྱལ་ཡོད་ཟེར།

ཀེའུ་ནེ་ཡཱའི་ཕྱི་འབྲེལ་དང་ཕྱི་སྡོད་རང་མིའི་ལས་དོན་པུའུ་ཡི་དྲུང་ཡིག་ཆེན་མོ་པཱ་ལི་ཡིས་བཤད་རྒྱུར། ཀེའུ་ནེ་ཡཱའི་སྲིད་གཞུང་དང་རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་རོགས་རམ་འོག་ཏུ། བུད་མེད་དང་བྱིས་པ་འདུས་པའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་བརྒྱད་བརྒྱ་དང་དོན་གཉིས་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་དང་ཚེས་བདུན་ཉིན། ཚེས་བཅུ་གསུམ་ཉིན། ཚེས་ཉེར་བརྒྱད་ཉིན་བཅས་ལ་སྐོར་ཁག་བཞིར་བགོས་ནས་ཀེའུ་ནེ་ཡཱའི་རྒྱལ་ས་ཁི་ནཱ་ཁི་ལི་རུ་འབྱོར་བ་རེད་ཟེར།

པཱ་ལི་ཡས་བཤད་རྒྱུར། ལི་པུ་ཡཱ་རུ་ཀེའུ་ནེ་ཡཱའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་སྔར་བཞིན་མང་བོ་ཡོད་པ་དང་། མིག་སྔར་མི་སུམ་བརྒྱ་ལྷག་གི་ཐོབ་ཐང་གཏན་འཁེལ་བྱས་ཡོད་ལ། ཕྱིར་ཀེའུ་ནེ་ཡཱ་རུ་བསྐྱལ་བར་སྒུག་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཀེའུ་ནེ་ཡཱའི་སྲིད་གཞུང་གིས་ཕྱིར་བསྐྱལ་ཡོང་བའི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་ཁ་ཟས་འདོན་སྤྲོད་བྱེད་རྒྱུ་མ་ཟད། ལས་རིགས་གསོ་སྦྱོང་སོགས་ལས་གཞི་རྩ་འཛུགས་བྱས་ཏེ་ཁོ་ཚོ་ཡང་བསྐྱར་སྤྱི་ཚོགས་སུ་ཞུགས་པར་རོགས་རམ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།