ཨ་ཧྥེ་རི་ཁ་གླིང་གི་ཨེ་ཙི་ནད་དང་འགོ་བའི་རང་བཞིན་གྱི་རིམས་ནད་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་སྐབས་བཅུ་དགུ་བ་ཚོགས་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་གི་ཨེ་ཙི་ནད་དང་འགོ་བའི་རང་བཞིན་གྱི་རིམས་ནད་ཀྱི་རྒྱལ་སྤྱིའི་ཚོགས་ཆེན་སྐབས་བཅུ་དགུ་བ་ཚེས་བཞིའི་ཉིན་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པུས་རང་ནས་ཚོགས་མགོ་བརྩམས། གྲོས་ཚོགས་དེ་ཚེས་དགུའི་ཉིན་བར་རྒྱུན་བསྲིང་རྒྱུ་རེད། རྒྱལ་ཁབ་མང་བོའི་འཐུས་མི་ཁྲི་ཙམ་གྱིས་ཨེ་ཙི་ནད་ཀྱི་འགོག་བཅོས་དང་རིམས་འགོའི་འཐབ་ཇུས་དང་། ཁྱད་པར་དུ་སཱ་ཧཱ་ལཱ་ལྷོ་ངོས་ཀྱི་ཨ་ཧྥེ་རི་ཁ་གླིང་གི་ཨེ་ཙི་ནད་ཀྱི་སྔོན་འགོག་གནས་བབ་སོགས་ཀྱི་ཐད་ནས་བརྗེ་རེས་བྱེད་རྒྱུ་རེད།

ཚོགས་ཐོག་ནས་ཚོགས་ཞུགས་འཐུས་མི་རྣམས་ཀྱིས་འདས་པའི་ལོ་འགའི་རིང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་སོ་སོས་ཨེ་ཙེ་ནད་དང་འགོ་བའི་རང་བཞིན་གྱི་རིམས་ནད་འགོག་བཅོས་བྱས་པའི་ཉམས་མྱོང་ལ་ཕྱིར་དྲན་དང་བརྗེ་རེས་བྱས་པར་མ་ཟད། ཨ་ཧྥེ་རི་ཁ་གླིང་གིས་ཨེ་ཙི་ནད་དང་འགོ་བའི་རང་བཞིན་གྱི་རིམས་ནད་ཐག་གཅོད་བྱེད་པའི་འཐབ་ཇུས་ལ་དཔྱད་འཇོག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།