ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་མཉམ་འབྲེལ་དམག་དཔུང་གིས་དྲག་ཆས་ཉེས་ཅན་བརྒྱད་ཅུ་བསད་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་ཚེས་ལྔ་ཉིན་ཁྱབ་སྒྲོག་བྱས་དོན། ཨ་ཧྥུའུ་ཧན་དམག་ཕྱོགས་དང་། རྒྱལ་ཁབ་བདེ་འཇགས་ཅུའུ། ཨ་མེ་རི་ཁས་མགོ་ཁྲིད་པའི་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་བཅས་ཀྱིས་ཉེ་སྔོན་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ཐེངས་ཤིག་སྤེལ་ཏེ། རྟེན་གཞི་རྩ་འཛུགས་ཀྱི་མཐོ་རིམ་མགོ་བ་གཅིག་དང་བཅས་པའི་དྲག་ཆས་ཉེས་ཅན་བརྒྱད་ཅུ་བསད་ཟེར།

ཨ་ཧྥུའུ་ཧན་རྒྱལ་ཁབ་བདེ་འཇགས་ཅུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་དང་རྒྱལ་ཁབ་བདེ་འཇགས་ཅུའུ། བྱང་ཆིངས་རྩ་འཛུགས་ཀྱི་མཉམ་འབྲེལ་དམག་དཔུང་བཅས་ཀྱིས་ཉེ་སྔོན་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཅཱ་ཚི་ནེ་ཞིང་ཆེན་དང་ཕཱ་ཁི་ཏིས་ཡཱ་ཞིང་ཆེན། ལྷོ་ཕྱོགས་ཀྱི་ཁྲ་པུའུ་ཨར་ཞིང་ཆེན་བཅས་ནས་རྟེན་གཞི་རྩ་འཛུགས་དང་ཐཱ་ལེ་པན་དྲག་ཆས་པར་དམིགས་ཏེ་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ། དམིགས་ཡུལ་ནི་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་དང་མཉམ་འབྲེལ་དམག་དཔུང་ལ་འཇབ་རྒོལ་བྱེད་པར་ཞུགས་མྱོང་བའི་དྲག་ཆས་ཉེས་ཅན་དག་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཨོ་མཱ་ཨར་ཧེ་ཐཱ་པུའུ་ཞེས་པའི་རྟེན་གཞི་རྩ་འཛུགས་ཀྱི་མཐོ་རིམ་མགོ་བ་འགུལ་སྐྱོད་ཁྲོད་བསད་པ་དང་། མགོ་བ་དེ་བསད་པ་ལས་རྩ་འཛུགས་དེར་གྱོང་གུད་ཆེན་པོ་ཐེབས་ཡོད།

དེ་ལས་གཞན་མཉམ་འབྲེལ་དམག་དཔུང་གིས་རྟེན་གཞི་རྩ་འཛུགས་ཀྱི་བཀོད་འདོམ་ཁང་གཙོ་བོ་ལྔ་གཏོར་བ་དང་། ཁོངས་མི་ཉེར་བདུན་འཛིན་བཟུང་བྱས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།