ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་ཏེ་ཕྱོགས་སོ་སོས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

    སྤེལ་དུས། : 2017-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐད་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་བསྡུས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་ཀྲུང་གོ། སུའེ་ཏེན། ཨུ་རུ་སི་སོགས་རྒྱལ་ཁབ་ཀྱི་འཐུས་མིས་ལང་ལོང་སྒོས་འབྲེལ་ཡོད་ཕྱོགས་སོ་སོས་མྱུར་མོར་གྲོས་མོལ་སླར་གསོ་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་རྒྱུན་མཐུད་ཞི་བདེ་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚོགས་ཐོག་ནས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་ནི་དེང་སྐབས་འཛམ་གླིང་སྟེང་ཆེས་ཛ་དྲག་ཆེ་བ་དང་ཉེན་ཁ་ཆེ་བའི་ཞི་བདེ་དང་བདེ་འཇགས་ཀྱི་གནད་དོན་ཞིག་རེད་ཟེར། ཁོས་ཁྲའོ་ཞན་གྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་བརྩི་སྲུང་བྱེད་དགོས་པ་དང་། ཁྲའོ་ཞན་གྱིས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་རྒྱུན་མཐུད་ཞི་བདེ་མངོན་འགྱུར་བྱེད་པའི་གྲོས་མོལ་སླར་གསོ་བྱེད་པའི་སྟོང་ཆ་བསྐྱུར་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་མཐུན་སྒྲིལ་ནི་ཞི་བའི་སྒོ་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཆེས་གལ་ཆེན་ཞིག་ཡིན་ལ། ཕྱི་འབྲེལ་གྱི་ཐེ་གཏོགས་ནི་རྒྱུན་མཐུད་ཞི་བདེ་དང་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ནེ་པེན་ཅཱ་ཡིས་བསྟན་དོན། ད་ལྟའི་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད་པ་དང་། ནོར་འཆུག་དང་རྩིང་ལས་ཀྱི་ཆོད་དོན་གང་ཡིན་ཡང་བློ་འགྱོད་སྐྱེས་པའི་མཇུག་འབྲས་འབྱུང་སྲིད་ཟེར། ནེ་པེན་ཅཱ་ཡིས་ཨུ་རུ་སི་དང་ཀྲུང་གོས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་བྱེད་པའི་ཐད་མཉམ་དུ་བཏོན་པའི་ལམ་ཐིག་འཆར་གཞི་བསྐྱར་སྒྲོག་བྱས་པ་དང་། ཀྲུང་གོ་དང་ཨུ་རུ་སི་ཡིས་ནམ་རྒྱུན་གནས་སྐབས་སུ་མཚམས་འཇོག་པ་གཉིས་ཀྱི་གྲོས་གཞི་འདོན་བཞིན་ཡོད་པ་ནན་བཤད་བྱས།

དབྱིན་ཇིའི་ཀྲུང་གོ་དང་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དོན་གྱི་འགན་ཁུར་བའི་ཕྱི་འབྲེལ་རྒྱལ་སྲིད་བློན་ཆེན་ཧྥེ་ཨར་ཏི་ཡིས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གཅིག་གྱུར་འཐབ་ཕྱོགས་ཤིག་རྩ་འཛུགས་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས་ཟེར།

སུའེ་ཏེན་གྱི་ཕྱི་འབྲེལ་བློན་ཆེན་ཝ་ཨར་སི་ཐི་ལོན་གྱིས་བསྟན་དོན། ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ལ་དམག་དོན་གྱི་ཐག་གཅོད་བྱེད་ཐབས་ཤིག་གཏན་ནས་ཡོད་མི་སྲིད་པ་དང་། ཕྱི་འབྲེལ་གྱི་འབད་བརྩོན་ལ་ཤུགས་སྣོན་བྱས་ཏེ་གྲོས་མོལ་རྐྱེན་སྲོལ་འཛུགས་དགོས་པ་ནན་བཤད་བྱས།

པོ་ལེ་ཝེ་ཡཱ་དང་ཨེ་ཅིབ། ཧཱ་སག་སི་ཐན་བཅས་ཀྱི་འཐུས་མིས་ལང་ལོང་སྒོས་གྲོས་མོལ་གནད་དོན་ལ་བཟུང་བའི་རེ་འདུན་བསྟན།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཏིས་ལེ་སིན་གྱིས་ཨ་མེ་རི་ཁས་ཁྲའོ་ཞན་ལ་ཉིང་རྡུལ་ནུས་པ་ཡོད་པའི་ལངས་ཕྱོགས་དང་ལེན་བྱེད་མི་སྲིད་པ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཉམས་ཉེན་གྱི་མཇུག་མཐའི་དམིགས་འབེན་ནི་ཁྲའོ་ཞན་ཕྱོགས་ཀྱིས་དཔྱད་ཞིབ་བྱས་ཆོག་པ་དང་ལྡོག་ཐབས་མེད་པའི་སྒོ་ནས་ཉིང་རྡུལ་ནུས་པའི་མཚོན་ཆའི་ལས་གཞི་ཕྱོགས་ཡོངས་ནས་བསྐྱུར་རྒྱུ་དེ་ཡིན་པ་ནན་བཤད་བྱས།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཁྲའོ་ཞན་གྱི་འཐུས་མི་ཚི་ཁྲིན་ནན་ཡང་གྲོས་ཚོགས་ལ་ཞུགས། ཁོས་བསྟན་དོན། ཁྲའོ་ཞན་ལ་ཉིང་རྡུལ་ནུས་པ་ཡོད་པ་ནི་ཨ་མེ་རི་ཁའི་ཉིང་རྡུལ་ནུས་པའི་འཇིགས་སྐུལ་གྱི་ལྡོག་ཐབས་མེད་པའི་རང་སྲུང་གི་རྣམ་པ་ཞིག་ཡིན་པ་དང་། ཨ་མེ་རི་ཁ་དང་འཇར་པན་ནི་ཉིང་རྡུལ་ནུས་པ་རྒྱ་ཡན་དུ་གཏོང་བའི་ཉེས་ཅན་གཙོ་བོ་རེད་ཟེར།

ཐེངས་འདིའི་གྲོས་ཚོགས་ནི་མཉམ་འབྲེལ་རྒྱལ་ཚོགས་སུ་སྡོད་པའི་འཇར་པན་ཆེད་མངག་ཚོགས་པས་གྲོས་གཞི་བཏོན་པ་ལྟར་བསྡུས་པ་རེད། གྲོས་ཚོགས་ཀྱི་སྔོན་ལ། ཟླ་བཅུ་གཉིས་པར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་འཇར་པན་གྱི་ཆེད་མངག་ཚོགས་པས་ད་རུང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱི་འཐུས་མི་དག་ལ་རྒྱུ་ཆ་འགྲེམ་པ་དང་། ཁོངས་གཏོགས་རྒྱལ་ཁབ་དག་གིས་ཉིང་རྡུལ་ནུས་པའི་མཚོན་ཆ་དང་འཕུར་མདའི་གསར་སྤེལ་ལས་གཞི། དེ་མིན་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་བཅས་ལ་དོ་སྣང་བྱེད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།