ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་གཉིས་ཉིན་མུ་མཐུད་དུ་ཕཱ་ཁི་སི་ཐན་ལ་དྲག་པོའི་རྣམ་འགྱུར་བསྟན་ཏེ། ཕཱ་ཁི་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཐད་ནས་འབད་འབུངས་སྔར་ལས་ཆེན་པོ་བྱེད་དགོས་པའི་རེ་བ་བཏོན་པ་དང་། གསལ་སྒྲོག་ལས་ཨ་མེ་རི་ཁའི་ཕྱོགས་ཀྱིས་ཉེ་སྔོན་བྱེ་བྲག་གི་བྱེད་ཐབས་སྤྱད་དེ་ཕཱ་ཁི་སི་ཐན་ལ་གནོན་ཤུགས་སྟེར་རྒྱུའི་ཚུལ་བསྟན།
ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཕཱ་ཁི་སི་ཐན་གྱིས་སྔར་ལས་འབད་པ་ཆེར་བསྐྱེད་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་བཀག་འགོག་བྱས་ཆོག་པ་དང་། ཨ་མེ་རི་ཁས་ཀྱང་ཁོ་ཚོས་དེ་ལྟར་བསྒྲུབ་ན་བསམ་ཡོད་ཟེར། སིང་ཏི་སི་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་མ་འོངས་པའི་དུས་ཚོད་ཉེར་བཞི་ནས་ཞེ་བརྒྱད་ནང་ཕཱ་ཁི་སི་ཐན་ལ་གནོན་ཤུགས་སྟེར་བའི་བྱེ་བྲག་གི་བྱེད་ཐབས་ཁྱབ་སྒྲོག་བྱེད་ངེས་ཡིན་ཟེར།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་ཧེ་ལེ་ཡིས་གསར་འགོད་པར་བསྟན་དོན། ཨ་མེ་རི་ཁས་སྔར་བཞིན་ཕཱ་ཁི་སི་ཐན་ལ་མེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ས་ཡ་ལྔའི་དམག་དོན་རོགས་སྐྱོར་བྱེད་པའི་བྱ་བའང་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཟེར།